གཞིས་ཀ་རྩེའི་བོད་ཀྱི་གསོ་རིག་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་བསྡུས་པ།
ཉེ་སྔོན། གཞིས་ཀ་རྩེ་ས་ཁུལ་གྱི་བོད་ཀྱི་གསོ་རིག་རིག་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་གཞིས་ཀ་རྩེ་གྲོང་ཁྱེར་དུ་བསྡུས་པ་རེད།
བོད་ལྗོངས་འཕྲོད་བསྟེན་ཐིན་དང་། བོད་ལྗོངས་བོད་སྨན་ཁང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་། བོད་རིག་པ་ཞིབ་འཇུག་ལྟེ་གནས་སོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རིག་གནས་པ་དང་། ལྷོ་ཁ་དང་ཉིང་ཁྲི། ཆབ་མདོ། ནག་ཆུ་སོགས་ཀྱི་གསོ་རིག་ཁྱབ་ཁོངས་སུ་མཚན་སྙན་ཆེ་བའི་ཆེད་མཁས་པ། དེ་མིན་གཞིས་ཀ་རྩེ་ས་ཁུལ་བོད་སྨན་ཁང་དང་དེའི་རྫོང18ནས་ཡོང་བའི་གསོ་རིག་ཆེད་མཁས་པ་སོགས་མི50ལྷག་རིག་གཞུང་གྲོས་ཞིབ་ཚོགས་འདུར་ཞུགས་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན་གཞིས་ཀ་རྩེ་ས་ཁུལ་གྱི་གསོ་རིག་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་། ཤེས་ལྡན་པའི་དཔུང་སྡེའི་འཛུགས་སྐྲུན། བོད་ལུགས་གསོ་རིག་སྡེ་ཁག་འཛུགས་སྐྲུན་སོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། མིག་སྔའི་བར་དུ་ས་ཁུལ་ཡོངས་སུ་བོད་ལུགས་གསོ་རིག་སྡེ་ཁག21དང་ཆེད་ལས་ལག་རྩལ་མི་སྣ432ཡོད་པ་རེད།
བོད་ལུགས་གསོ་བ་རིག་པས་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་གཞུང་ལུགས་གཞིར་བྱས་ཐོག་ཡུལ་གཞན་དང་མི་རིགས་གཞན་གྱི་གསོ་རིག་གཞུང་ལུགས་ལ་སློབ་སྦྱོང་དང་བསྡུ་ལེན་བྱས་ནས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་རིམ་གྱིས་འཕེལ་རྒྱས་བྱུང་བའི་གསོ་རིག་མ་ལག་ཅིག་ཡིན་ཞིང་། དེང་དུས་བར་དུ་བགྲང་བྱ2300ལྷག་གི་ལོ་རྒྱུས་ལྡན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཅུང་ཆ་ཚང་བ་དང་མཚན་སྙན་ཆེ་བའི་མི་རིགས་ཀྱི་གསོ་བ་རིག་པའི་གྲས་ཤིག་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com