བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་སྐབས་དང་པོ་སྤེལ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-04 08:57:00 ཀློག་གྲངས།:

  རྒྱུས་ལོན་བྱུང་བ་ལྟར་ན་ཐོན་ལ་ཉེ་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཉིན་ལ་བོད་ལྗོངས་ཀྱིས་ལྷ་ས་གྲོང་ཁྱེར་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་སྐབས་དང་པོ་སྤེལ་རྒྱུ་རེད། མིག་སྔར་སྲུང་འབྲས་འགྲེམ་སྟོན་གྱི་སྔོན་མའི་འཆར་བཀོད་ལེགས་འགྲུབ་བྱུང་ཟིན་ལ། རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་བྲེལ་འཚུབ་ཀྱིས་བཟོ་སྐྲུན་བྱེད་བཞིན་པའི་སྒང་ཡིན། སྲུང་འབྲས་འགྲེམ་སྟོན་གྱི་འབྲེལ་ཡོད་བཟོ་གྲྭ་དག་ཟླ6པའི་ཚེས10ཉིན་སྔོན་དུ་ལེགས་འགྲུབ་འབྱུང་རྒྱུ་རེད།
  མཚམས་སྦྱོར་བྱས་པ་ལྟར་ན་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་དེ་ཉིན7རིང་དུ་སྤེལ་རྒྱུ་ཡིན་ཞིང་། གཙོ་བོ་དངོས་གཟུགས་འགྲེམ་སྟོན་དང་ཡུལ་དངོས་གསལ་སྟོན་ཁག་གཉིས་སུ་ཕྱེས་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་ཏེ། དངོས་གཟུགས་འགྲེམ་སྟོན་ལ་སྒྱུ་རྩལ་འགྲེམ་སྟོན་དང་། གླུ་དང་ཞབས་བྲོའི་འགྲེམ་སྟོན། མཛེས་རིས་འགྲེམ་སྟོན་བཅས་སུ་འདུས། ཡུལ་དངོས་གསལ་སྟོན་ལ་བོད་ལྗོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་དམངས་ཁྲོད་སྒྱུ་རྩལ་པ200ལྷག་གིས་རིགས་སོ་སོའི་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་གསལ་སྟོན་བྱེད་རྒྱུ་རེད།
  མིག་སྔའི་བར་དུ་བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི76ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ227ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།