《ཨོ་རྒྱན་གྱི་ཚེམས》ཞེས་པ《དུས་རབས21པའི་ལོ་འཁོར་བརྩམས་སྒྲུང་བདམས་བསྒྲིགས》སུ་ཚུད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-06 09:01:00 ཀློག་གྲངས།:

《ཨོ་རྒྱན་གྱི་ཚེམས》ཞེས་པ《དུས་རབས21པའི་ལོ་འཁོར་བརྩམས་སྒྲུང་བདམས་བསྒྲིགས》སུ་ཚུད་པ།
པདྨ་ཚེ་བརྟན་གྱི《ཨོ་རྒྱན་གྱི་ཚེམས》ཞེས་པ《དུས་རབས21པའི་ལོ་
འཁོར་བརྩམས་སྒྲུང་བདམས་བསྒྲིགས》སུ་ཚུད།

           《དུས་རབས21པའི་ལོ་འཁོར་བརྩམས་སྒྲུང་བདམས་བསྒྲིགས།  2011ལོའི་སྒྲུང་ཐུང》ཞེས་པ་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། པདྨ་ཚེ་བརྟན་གྱི《ཨོ་རྒྱན་གྱི་ཚེམས》ཞེས་པའང་འདིའི་ནང་དུ་ཚུད། 
           《དུས་རབས21པའི་ལོ་འཁོར་བརྩམས་སྒྲུང་བདམས་བསྒྲིགས།  2011ལོའི་སྒྲུང་ཐུང》ཞེས་པ་ནི་རྒྱལ་ནང་དུ་དབང་གྲགས་ཆེས་ཆེ་བའི་ལོ་འཁོར་བདམས་དཔེ་ཞིག་ཡིན་པ་དང་། 2011ལོའི་སྒྲུང་ཐུང་ཁྲོད་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་བདམས་ཤིང་།  ཀྲུང་གོའི་རྩོམ་རིག་གི་གྲུབ་འབྲས་ཆེས་ལེགས་པ་མཚོན། དེ་མིན་འདིས2011ལོའི་སྒྲུང་ཐུང་ཁྱབ་ཁོངས་ཀྱི་ཆེས་གཙོས་པའི་རྩོམ་ལུགས་དང་། མང་གླེང་བརྗོད་བྱ། སྒྱུ་རྩལ་མཚོན་ཐབས་བཅས་ཐད་ཀྱི་འགྱུར་བ་ཕྲན་བུ་རེ་བསྟན་ཡོད་ལ། རྩོམ་རིག་ལོ་རྒྱུས་ཀྱི་རིན་ཐང་དང་། དཔྱད་གཞིའི་ཡིག་ཆ་སོགས་ཀྱི་རིན་ཐང་ཆེས་ཆེར་ལྡན།
           པདྨ་ཚེ་བརྟན་གྱི《ཨོ་རྒྱན་གྱི་ཚེམས》ཞེས་པ་སྔར2011ལོའི《མཚོ་སྔོན་པོ》སྐབས་ལྔ་བའི་སྟེང་བཀོད་ཅིང་། རྗེས་ནས2011ལོའི《བརྩམས་སྒྲུང་བདམས་བསྒྲིགས》སྐབས་བདུན་པར་རྒྱུད་སྤེལ་བྱས། སྔ་གཞུག་ཏུ《2011ལོའི་ཀྲུང་གོའི་སྒྲུང་ཐུང་ལོ་འདེམས》དང་། 《2011ལོའི་ཀྲུང་གོའི་ལོ་འཁོར་སྒྲུང་ཐུང》། 《2011ལོའི་གྲངས་ཉུང་མི་རིགས་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགས》སོགས་སུ་སྤེལ་ལ། ཉེ་སྔོན་ཡང“མཚོ་སྔོན་པོ”རྩོམ་རིག་བྱ་དགའ་ཐོབ།
           《ཨོ་རྒྱན་གྱི་ཚེམས》ཞེས་པ་ལས་སྐྱ་མི་ཨོ་རྒྱན་དང་སྤྲུལ་སྐུ་ཨོ་རྒྱན་བར་གྱི་ཁྱད་པར་བརྗོད་ཅིང་། ཁེར་རྐྱང་གི་སེམས་ཁམས་མངོན་པ་དང་ཆབས་ཅིག  ཨོ་རྒྱན་གྱི་བྱམས་དང་སྙིང་རྗེའང་མཚོན་པར་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།