མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡིག་རིས་བརྙན་པར་འགྲེམ་སྟོན་འགོ་ཚུགས་པ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-07 12:02:00 ཀློག་གྲངས།:

7འགྲེམ་སྟོན་བྱས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས།
འགྲེམ་སྟོན་བྱས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས།

  ཟླ6པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། ཁུལ་སྒྲིག་ཨུ། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲུབ་པའི“ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པར་དགའ་བསུ་ཞུ་བ”བརྗོད་དོན་དུ་བྱས་པའི་མཚོ་སྔོན་པོ་སྨན་ལས་བུམ་པའི་ཡིག་རིས་བརྙན་པར་འགྲེམ་སྟོན་ནམ་སྲིད་གཙང་རིག་གནས་ཡིག་རིས་བརྙན་པར་འགྲེམ་སྟོན་ཆབ་ཆ་གྲོང་རྡལ་ནས་གཟབ་རྒྱས་ངང་ཚོགས་པ་རེད།


འགྲེམ་སྟོན་བྱས་པའི་བརྙན་པར་བརྩམས་ཆོས།

འགྲེམ་སྟོན་བྱས་པའི་ཟུར་ཟའི་རི་མོ།

  མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏུའུ་ཁྲེན་ཀྲོན་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་མཚོ་ལྷོ་དམག་ཁུལ་གྱི་དམག་སྤྱི་ཡཱན་ཁང་ལིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མོའོ་ཧྲན་ལེང་། ཀྲུའུ་རིན་གཞོན་པ་རྟ་མགྲིན་ཚེ་རིང་དང་གསེར་མཚོ། ཀྲང་ཡིན་ཀྲེང་། དཔལ་ཆེན་རྒྱལ། ཁུལ་སྲིད་གྲོས་ཀྱི་ཀྲུང་ཞི་གཞོན་པ་བནྡེ་བཀྲ་ཤིས། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་ཆོའོ་ཅེན་ལ་སོགས་པའི་འགོ་ཁྲིད་དག་འགོ་རྩོམ་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅི་དཔལ་སྒྲོན་གྱིས་གསུང་བཤད་གནང་། ཅང་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་མཛེས་རྩལ་མཐུན་ཚོགས་གྱི་ཀྲུའུ་ཞི་གཞོན་པ་ལི་ཤང་ཝེ་ཡིས་མཱེ་ཧྲན་ཡིག་རིས་གླིང་གི་རྒྱུན་ལས་ཡོན་ཀྲང་ཀྲོ་ཤིན་ལུང་དང་། ཅང་སུའུ་ཞིང་ཆེན་འགུལ་རིས་སྒྱུ་རྩལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་པོའོ་ཞུན་ཡོན། ཅང་སུའུ་རྒྱལ་རིས་གླིང་གི་མཛེས་རྩལ་པ་གྲགས་ཅན་ཀྲོའོ་ཞོ་ཀྲོང་། ཅུ་རོང་གྲོང་ཁྱེར་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཱ་ཧོན་ཧྥིན་སོགས་ཁྲིད་དེ་རྟེན་འབྲེལ་ཞུ་བར་ཕེབས། མཚོ་སྔོན་ཞིང་ཆེན་གྱི་ཡིག་མཁན་སྐད་གྲགས་ཅན་ཝང་ཡུན་དང་། ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཀྲི་ཡོན་དང་ཀོའོ་ཧེ་ཡོན། ཚེལ་ཡུན་ཨུ། ཀོའུ་ཆེང་སོགས་ཀྱང་ཕེབས་ཏེ་མཛུབ་སྟོན་གནང། ཡུལ་གཉིས་ཀའི་ཡིག་མཁན་དང་རི་མོ་བ་དག་གིས་ཐད་ཀར་ཡུལ་དངོས་ནས་རང་གི་འཇོན་རྩལ་མངོན་པ་དང་། གཟིགས་ཞིབ་དང་ལྟ་སྐོར་ལ་ཕེབས་མཁན་གྱི་ལྟད་མོ་བར་མིག་གི་དགའ་སྟོན་ལྟ་བའི་ཆོག་མི་ཤེས་པ་ཞིག་ཕུལ་བ་རེད།
  ཐེངས་འདིའི་བྱེད་སྒོ་ནི་ཟླ4པ་ནས་འགོ་བརྩམས་པ་དང་། སྔོན་ལ་ཁྲི་ཀ་ནས་ཐེངས་དང་པོར་འགྲེམ་སྟོན་བྱས་པ་དང་། ཐེངས་འདིའི་འགྲེམ་སྟོན་ནི་ད་ལྟའི་བར་དུ་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་ནས་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་རིག་རྩལ་གསར་རྩོམ་གྱི་འགྲེམ་སྟོན་བྱེད་སྒོ་ཞིག་ཡིན་ཞིང་། བྱེད་སྒོའི་སྔ་གཞུག་ལ་ཡིག་རིས་བརྙན་པར་བརྩམས་ཆོས751བསྡུས་པ་དང་། འདེམ་གསེས་བྱས་པ་བརྒྱུད་ཐེངས་འདིར་རི་མོ320བཀྲམས། (གདན་ཞུའི་བརྩམས་ཆོས་ལས་ཡིག་གཟུགས་ཁག10དང་རི་མོ10ཡོད )དེའི་ནང་བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས16དང་། བརྙན་པར152རི་མོ42 (ཟུར་ཟའི་རི་མོ10འདུས)།  རྒྱ་ཡིག་ཡིག་གཟུགས་བརྩམས་ཆོས110ཡོད། རྒྱ་ཆེ་བའི་རིག་རྩལ་གྱི་ལས་ཀ་གཉེར་མཁན་དང་རིག་རྩལ་དགའ་མོས་ཡོད་མཁན་དག་གིས་བྱེད་སྒོའི་བརྗོད་དོན་དང་འབྲེལ་ནས་ཡིག་རིས་དང་བརྙན་པར་གྱི་རིག་རྩལ་མཚོན་ཐབས་ཀྱིས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་རླབས་ཆེ་བའི་མེས་རྒྱལ་ལ་བསྟོད་གླུ་བླངས་པ་དང་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ལ་བསྔགས་བརྗོད་བྱས་པ་མངོན་པར་མཚོན། དེར་མ་ཟད་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བཟང་པོ་དར་སྤེལ་དང་གཅིག་གྱུར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་རེ་འདུན་དྲག་པོ་དེ་མཚོན་ཡོད། བྱེད་སྒོས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མཉམ་དུ། བདེ་ཐང་ཡར་སྐུལ་གྱི་མཛེས་དཔྱོད་སེམས་ཁམས་གསོ་སྐྱོང་མཛུབ་སྟོན་དང་རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་རློམ་སེམས་ལ་ཤུགས་སྣོན་པར་ནུས་པ་གལ་ཆེན་ཐོན། དེ་དང་ཆབས་ཅིག་ཏུ་རྒྱ་ཆེའི་རིག་རྩལ་པ་དག་ལ་མཐུན་སྒྲིལ་དང་ཡར་སྐུལ་བྱེད་པའི་སྤོབས་སེམས་རྒྱས་པར་བཅུག་པ་དང་། སྔར་ལས་ལྷག་པར་རིག་རྩལ་གསར་རྩོམ་འཁྲུག་ཆ་དོད་པོ་དང་གོང་སྤེལ་ལ་སྐུལ་འདེད་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།


འགྲེམ་སྟོན་ཁང་གི་ཟུར་ཞིག

  ཐེངས་འདིའི་བྱེད་སྒོ་ནི་ཉིན4ལ་སྤེལ་རྒྱུ་ཡིན་པ་དང་འཆར་གཞི་ལྟར་ན་ཟླ6པའི་ཚེས8ཉིན་མཇུག་བསྡུ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།