པེ་ཅིང་དགེ་ཐོན་སློབ་ཆེན་དུ་སྐོར་བྲོའི་དགོང་ཚོགས་ཚོགས་པ།
མདོ་འཛིན་བྱེད་པ།
བཀྲ་ཤིས་བའི་ཁ་བཏགས་འབུལ་བ།
བྲོ་གར།
ཟླ6པའི་ཚེས6ཉིན་གྱི་དགོང་མོ། པེ་ཅིང་དགེ་ཐོན་སློབ་ཆེན་དུ“མཛེས་པའི་གངས་ལྗོངས། དགའ་སྤྲོའི་སྐོར་བྲོ”ཞེས་པ་བརྗོད་བྱར་བཀོད་དེ་གངས་ལྗོངས་སྐོར་བྲོ་མཐུན་ཚོགས་བཙུགས་ནས་ལོ་འཁོར་གསུམ་ལོན་པ་དང་མཐར་ཕྱིན་སློབ་མའི་རིག་རྩལ་དགོང་ཚོགས་གཟབ་རྒྱས་ཤིག་སྤེལ།
ཞབས་བྲོ།
སྟོད་གཞས་ཚོགས་པའི་བྲོ་གར།
《ཕ་མའི་སེམས》དང《ཕོ་བྲང་པོ་ཏ་ལ》མཉམ་ལེན་བྱེད་པ།
འདི་ནི་སྐོར་བྲོ་མཐུན་ཚོགས་དང་འཁྲབ་སྟོན་པ་རྣམས་ཀྱིས་མཐུན་སྒྲིལ་གྱི་དཔུང་རྩ་གཅིག་ཏུ་སྦྲེལ་ནས་གྲ་སྒྲིག་དཔྱིས་ཕྱིན་པ་ཞིག་བྱས་ཐོག དགོང་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་སྐབས་སྔོན་མ་དག་ལས་ཕུན་སུམ་ཚོགས་པར་སྣང་ཞིང་དགེ་སློབ་ཀུན་གྱི་ཡིད་ཚིམ་ཏེ་རྗེས་ཕྱོགས་ཀྱང་མུ་མཐུད་དུ་སྤེལ་དགོས་པའི་འདུན་པ་དྲག་པོ་བྱུང་།
སྙན་ངག་གྱེར་འདོན།
《བརྩེ་བ་ནི་འོད་ཐིགས་ཤིག》ཅེས་པའི་རྐྱང་ལེན།
དེང་རབས་ཞབས་བྲོ།
དགོང་ཚོགས་སུ་རིག་རྩལ་སྣ་ཚོགས་ཏེ། 《ཕ་མའི་སེམས》དང《ཕོ་བྲང་པོ་ཏ་ལ》སོགས་མཉམ་ལེན་དང་། ཞབས་བྲོ། 《DJསྐོར་བྲོ》། 《བརྩེ་བ་ནི་འོད་ཐིགས་ཤིག》ཅེས་པའི་རྐྱང་ལེན། སྙན་ངག་གྱེར་འདོན་སོགས་གང་མང་འདུས་ཤིང་། དུས་སྔོན་གྱི་སྦྱོང་བརྡར་ལེགས་པོ་བྱས་པའི་ཁར་ཡུལ་དངོས་གར་སྟེགས་སུ་རང་སོ་སོའི་ཉམས་འགྱུར་དོད་པོ་ལས་འདིར་བཞུགས་དགེ་སློབ་ཀུན་གྱི་དང་བ་ཡོངས་སུ་བཀུག འདིར་སློབ་གྲྭ་རང་གི་དགེ་སློབ་ལས་གཞན་པེ་ཅིང་སློབ་གྲྭ་གཞན་གྱི་བོད་རིགས་སློབ་མ་གང་མང་ཐོན་ཡོད་པ་རེད།
སྐོར་བྲོ་འཁྲབ་པ།
དགོང་ཚོགས་མཇུག་སྒྲིལ་བ།
འདི་ནི་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་གངས་ལྗོངས་སྐོར་བྲོ་མཐུན་ཚོགས་བཙུགས་ནས་ལོ་འཁོར་གསུམ་པར་རྟེན་འབྲེལ་དང་ཆེད་དུ་མཐར་ཕྱིན་སློབ་མར་བཀོད་སྒྲིག་གནང་བའི་རིག་རྩལ་དགོང་ཚོགས་ཤིག་ཡིན་ལ། སྐབས་རེ་རེའི་སྐོར་བྲོའི་དགོང་ཚོགས་ཀྱི་ཁྱབ་རྒྱ་སྔར་ལས་ཆེར་བསྐྱེད་ཀྱི་ཡོད་པས་སྐབས་རྗེས་མའི་སྐོར་བྲོའི་དགོང་ཚོགས་ལ་རྨང་གཞི་ལེགས་པོ་བཏིངས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com