《LUOZANGལག་ཁྱེར་ཁ་པར་མ་ལག་གི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཐ་སྙད》ལ་རྩོམ་དཔར་དབང་ཆའི་ཐོ་འགོད་དཔང་ཡིག་ཐོབ

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-08 14:32:00 ཀློག་གྲངས།:

         ཟླ་6པའི་ཚེས7ཉིན། བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་སྙན་ཞུ་ཕུལ་བའི《LUOZANGབོད་རྒྱ་དབྱིན་གསུམ་རིག་ལྡན་ལག་ཁྱེར་ཁ་པར་མ་ལག་གི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཐ་སྙད》ལ་ཉེ་སྔོན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་པར་དབང་ཅུའི་རྩོམ་དབང་ཐོ་འགོད་དཔང་ཡིག་ཐོབ། བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིར《LUOZANGབོད་རྒྱ་དབྱིན་གསུམ་རིག་ལྡན་ལག་ཁྱེར་ཁ་པར་མ་ལག་གི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཐ་སྙད》གྱི་ཆིག་སྒེར་པར་དབང་ཡོད།
         བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་བློ་བཟང་ལགས་ཀྱིས་གསུང་དོན། བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་བཏོན་པའི་ཐོན་རྫས་ལ་པར་དབང་བཙན་སྤྱོད་བྱེད་པའི་བྱ་སྤྱོད་ནི་བྱུང་དང་འབྱུང་བཞིན་ཡོད། དེ་བས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཁྲིམས་མིའི་བརྩམས་ཆོས་རྩོམ་དབང་མི་སྣའི་ཐོབ་ཐང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱབ་ཁབ་པར་དབང་ཅུའུ་ལ《LUOZANGབོད་རྒྱ་དབྱིན་གསུམ་རིག་ལྡན་ལག་ཁྱེར་ཁ་པར་མ་ལག་གི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་ཐ་སྙད》རྩོམ་དབང་ཐོ་འགོད་ཀྱི་སྙན་ཞུ་ཕུལ་པ་ཡིན།
         ཁོས་བཤད་རྒྱུར། ད་ལྟ་ང་ཚོའི་ཐོན་རྫས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཡོད་པས་པར་དབང་བཙན་སྤྱོད་ལ་བདའ་འདེད་བྱེད་ངེས།
         2008ལོར་ཚུགས་པའི་བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས2011ལོརISO9001རྒྱལ་སྤྱིའི་སྤུས་ཚད་དོ་དམ་མ་ལག་གིས་ངོས་ལེན་ཐོབ། 2011ལོའི་ཟླ12པའི་ནང་ལག་རྩལ་གསར་མཐོ་ཁེ་ལས་ལ་བདམས་པ་མ་ཟད་ཐོབ་ཐང་དཔང་ཡིག་ཐོབ། མིག་སྔར་རྒྱལ་ཁབ་དཔལ་འབྱོར་གསར་སྤེལ་ས་ཁུལ་སྟེ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དུ་གཞི་སྡོད་བྱས་ཡོད།
         བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་འགྲིམས་ཏེ་ཕྱིར་ལོག་ཡོང་མཁན་དང་ཆེད་ལས་ལག་རྩལ་བརྟན་པོ་ཡིན་པའི་རུ་ཁག་ཅིག་གིས་གྲུབ་པ་ཡིན་ལ། བོད་ཡིག་གི་མཉེན་ཆས་གསར་སྤེལ་དང་བོད་ཡིག་གློག་རྡུལ་སྲ་ཆས་ཐོན་རྫས་ཀྱི་གསར་སྤེལ་ཐོན་སྐྱེད་སོགས་ཀྱི་ལས་ཀ་གཉེར་བཞིན་ཡོད།
         2011ལོའི་ལོ་མཇུག་བར་དུ། བོད་ལྗོངས་བློ་བཟང་གྲངས་ཀའི་ཚན་རྩལ་ཚད་ཡོད་ཀུང་ཟིས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་ཞིབ་འཇུག་བྱེད་བཞིན་པའི་རྣམ་གྲངས9ཟིན་ཡོད། ད་ལྟའི་བར་དུ་སྙན་ཞུ་ཕུལ་ནས་རྣམ་གྲངས་9ལ་ཆེད་ཁེ་ཐོབ། རང་སྒེར་གྱིས་གསར་བཟོ་ཐོན་སྐྱེད་བྱས་པའི་བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་དང་། བོད་རྒྱ་དབྱིན་གསུམ་གྱི་མཐེབ་གཞོངས་དང་ཙིག་རྟགས། བོད་རྒྱ་དབྱིན་གསུམ་གྱི་སྨྱན་བྱེད་སྣ་མང་གི་སློབ་སྦྱོང་འཕྲུལ་ཆས་དང་བོད་རྒྱ་དབྱིན་གསུམ་གྱི་རིག་ལྡན་ལག་ཁྱེར་ཁ་པར་སོགས་རང་ཡོད(LUOZANG)གློག་རྡུལ་ཐོན་རྫས་གྲགས་ཅན་རིགས12ཡོད།
         དེའི་ནང་ཀུང་ཟི་ནས2008ལོར་རང་སྒེར་གྱིས་གསར་སྤེལ་བྱས་པའི་བོད་རྒྱ་དབྱིན་གསུམ་གློག་རྡུལ་ཚིག་མཛོད་ནི་འཛམ་བུ་གླིང་ཁྱོན་ཡོངས་ནས《LUOZANGབོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད》ཐོག་མ་དེ་ཡིན། བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད་འདིའི་ནང་ཁྱོན་བསྡོམས་བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་34ནང་འདུས་པའི་ཐ་སྙད་ཚུད་པར་བྱས་ཡོད་པ་དང་། བོད་རྒྱ་དབྱིན་ཡིག་རིགས་གསུམ་བར་ཕན་ཚུན་བརྗེ་བསྒྱུར་བྱེད་པ་མངོན་འགྱུར་བྱུང་ཡོད། ཡིག་རིགས་སྣ་གཅིག་ཚིག་མཛོད་མང་པོ་ཞིག་གི་ནང་དུ་མཉམ་དུ་འཚོལ་བཤེར་བྱ་ཐུབ། དེ་དང་ཆབས་ཅིག་ཏུ་རིག་མཛོད་ཕྱོགས་ཀྱི་གློག་རྡུལ་དཔེ་ཆ་25ལྷག་ནང་འཇུག་བྱས་ཡོད། དེའི་ནང་དེབ12ནི་བོད་ཡིག་གི་རིག་མཛོད་ཕྱོགས་ཀྱི་གློག་རྡུལ་དཔེ་ཆ་ཡིན་ལ། བོད་ཀྱི་གསོ་རིག་དང་བོད་སྨན། བོད་རྒྱུད་ནང་བསྟན་དང་དམངས་སྲོལ་སོགས་ཀྱི་ནང་དོན་ཡིན།
         ན་གཞོན་མང་པོས་དྲ་རྒྱ་བརྒྱུད་ནས་འཇིག་རྟེན་ཤེས་རྟོགས་བྱེད་པའི་ཆེད་དུ། བློ་བཟང་ཀུང་ཟིས་ལྷ་ས་ནས་བོད་ཡིག་མཉེན་ཆས་ཆ་འཕྲིན་ལག་རྩལ་ཟབ་སྦྱོང་སློབ་གྲྭ་བཙུགས་ཡོད། བློ་བཟང་གིས་བཤད་རྒྱུར། ཁོའི་རེ་བར་ཤེས་ལྡན་པ་མང་པོས་བོད་ཡིག་གི་ཆ་འཕྲིན་ལག་རྩལ་སློབ་སྦྱོང་བྱས་པ་བརྒྱུད་ནས་གཞུང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་དེ་འཛམ་བུ་གླིང་སྒང་ལ་ཁྱབ་སྟེ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་མི་རིགས་ཀྱི་གཟི་འོད་ལམ་ལམ་འཕྲོ་བའི་ཤེས་རིག་དེ་རྒྱུད་འཛིན་བྱུང་ན་བསམ་གྱིན་ཡོད།
         2011ལོར་བློ་བཟང་རྩིས་འཁོར་ཟབ་སྦྱོང་འཛིན་གྲྭས་སློབ་མ150ལྷག་གི་ཟབ་སྦྱོང་འགན་འཁུར་གྲུབ་པ་དང་། ཟབ་སྦྱོང་རྣམ་གྲངས་ལ་བོད་ཡིག་ཆ་འཕྲིན་ཐག་གཅོད་ཀྱི་རྨང་གཞིའི་འཛིན་གྲྭ་དང་། མཐོ་རིམofficeསོགས་ཀྱི་རྣམ་གྲངས་ཡོད། ཟབ་སྦྱོང་གི་ཚད་གཞི་ལོན་པའི་བསྡུར་ཚད94%བསླེབས། ལས་ཞུགས་བསྡུར་ཚད80%ལ་བསླེབས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།