ཏཱ་རེ་རྡོ་རྗེའི་སྙན་རྩོམ་གཅེས་བསྡུས《གངས་ལྗོངས་ལ་དུངས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-15 08:59:00 ཀློག་གྲངས།:

《雪域情缘》
ཏཱ་རེ་རྡོ་རྗེའི་སྙན་རྩོམ་གཅེས་བསྡུས《གངས་ལྗོངས་ལ་དུངས》པར་བསྐྲུན་འགྲེམ་སྤེལ་བྱས།

  ཉེ་ལམ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཏཱ་རེ་རྡོ་རྗེ་ལགས་ཀྱི་སྙན་རྩོམ་གཅེས་བསྡུས《གངས་ལྗོངས་ལ་དུངས》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
  《གངས་ལྗོངས་ལ་དུངས》ཞེས་པར་པེ་ཅིང་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གི་སློབ་གསོ་པ་རཱན་ནེ་ཡེན་དང་། མཚོ་བྱང་ཁུལ་གྱི་རྩོམ་པ་པོ་ཆཱའེ་ཡུ་ལེང་། དེ་མིན《རྩོམ་སྨྱོན》གྱི་རྩོམ་སྒྲིག་པ་མེའུ་ཧིན་སོགས་ཀྱིས་འགོ་བརྗོད་བྲིས་ཡོད། དེར་མ་ཟད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་བོད་རིགས་ཚོང་ལས་སྣེ་ཁྲིད་པ་བློ་བཟང་ལགས་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་འགོ་ཁྲིད་དང་བོད་ཡིག་སློབ་གླིང་གི་འགོ་ཁྲིད། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན། 《སྟོང་མཁར》གྱི་རྩོམ་སྒྲིག་པ་གཙོ་བོ་ཀའོ་ཨོ། དེ་ལས་གཞན་ཁོའི་ནང་མི་དང་དགེ་རྒན། སློབ་གྲོགས་སོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་པ་རེད།  དེའི་མཚུངས་སུ་ཁོའི་དགེ་རྒན་ནོར་བུ་རིན་ཆེན་དང་མཚོ་བྱང་ཁུལ་གྱི་རྩོམ་པ་པོ་ཚེ་བརྟན། ལོ་རབས90རྗེས་ཀྱི་བྱང་ཤར་གྱི་གདོང་ལེན་སྙན་ངག་པ་སུང་ལུའུ་ཁྲིན་ལ་སོགས་པའི་གདེང་འཇོག་ཆེན་པོ་ཐོབ་པ་དང་མཉམ་དུ། ཁོང་གི་བརྩམས་ཆོས་ལ་དཔྱད་བརྗོད་ཀྱང་སྤེལ་ཡོད་པ་རེད།
  སྙན་དེབ་འདིའི་རྩོམ་པ་པོ་ཏཱ་རེ་རྡོ་རྗེ་ནི་མཚོ་སྔོན་གཅན་ཚ་ནས་ཡིན་པ་དང་། ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་སློབ་སྦྱོང་གནང་མུས་ཡོད། ཁོང་གི་བརྩམས་ཆོས་དག《མཚོ་སྔོན་ན་གཞོན་ཚགས་པར》དང《རྨ་ལྷོ་ཚགས་པར》ལ་སོགས་པའི་སྟེང་བཀོད་ཡོད་པ་དང་། ཚབ་མཚོན་སྙན་ངག་ལ《ཨ་མ་ལགས། བུ་ང་ཕ་ཡུལ་ལ་ལོག་པར་བཅུག》ཞེས་པ་དང《སེམས་ཀྱི་འབོད་པ》 ། དེ་མིན་ད་རེས་འགྲེམ་སྤེལ་བྱས་པའི་སྙན་ངག་གཅེས་བསྡུས《གངས་ལྗོངས་ལ་དུངས》ཞེས་པ་སོགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།