ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་ཞིང་ཆེན་རིམ་པའི་ཆེས་མཐོའི་བྱ་དགའ་བླངས།
ལྗིད་ཏིག་ཏིག་གི་ཐུན་མོང་རྩ་འཛུགས་ཀྱི་ཆེས་མཐོའི་བྱ་དགའི་དཔང་ཡིག་དང་རྟགས་མ།
དགེ་སློབ་ཟུང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་རི་མོའི་སྒྱུ་རྩལ་གྱི་ནུས་པ་སྔོག་འདོན་བྱེད་ཆེད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རི་མོ་ཚན་ཁག་གིས་གཙོ་སྒྲུབ་དང་རྩ་འཛུགས་བྱས་ཏེ། 2012ལོའི་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང༌། མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་ཨུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་སྐབས18པའི་མཚོ་སྔོན་ཞིང་ཆེན་དགེ་རྒན་དང་ན་ཆུང་གཞོན་ནུའི་རི་མོ། ཡིག་གཟུགས། པར་རིས་འགྲན་བསྡུར་དང་སྐབས6པའི་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་ས་སྨྱུག་མཛེས་རིས་འགྲན་བསྡུར་ཁྲོད་ཞུགས་ནས་བློ་ཡུལ་ལས་འདས་པའི་གྲུབ་འབྲས་ཆེན་པོ་བླངས།
ཞིང་ཆེན་རིམ་པའི་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་གནང་བའི་བྱ་དགའི་འཛིན་ཡིག
མཚོ་སྔོན་ཞིང་ཆེན་གཙོ་སྒྲུབ་ལས་ཁུངས་ཀྱིས་རབ་དང་རིམ་པའི་དཔྱད་བསྡུར་གང་མང་བརྒྱུད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་སློབ94ལ་བྱ་དགའ་ཐོབ་ཅིང༌། བྱ་དགའི་བརྩམས་ཆོས109ལ་ཕུལ་བྱུང་དང་གསེར་དངུལ་ཟངས་བཅས་ཀྱི་གཟེངས་རྟགས་ཆེན་པོ་ཐོབ། བརྩམས་ཆོས་དེ་དག་གི་ཁྲོད་ནས་གསེར་གྱི་བྱ་དགའ20དང༌། དངུལ་གྱི་བྱ་དགའ30 ཟངས་ཀྱི་བྱ་དགའ30 ཕུལ་བྱུང་བྱ་དགའ19བཅས་འདུས། གཞན་སློབ་གྲྭའི་ཨ་སངས་དང་ཞོའུ་ལོན་སོགས་དགེ་རྒན7ལ་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཡང་གནང་བ་རེད། དགེ་སློབ་ཟུང་གི་འབད་པ་བརྩོན་ལེན་གྱི་ཚད་ལས་འདས་པའི་ཟབ་ཞུགས་ཀྱིས་རེབ་ཐེངས་འདིར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭར་ཐུན་མོང་རྩ་འཛུགས་ཀྱི་ཆེས་མཐོའི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། གཟེངས་རྟགས་འདི་ལྟ་བུ་ཐོབ་པ་ནི་མི་རིགས་སློབ་གྲྭ་འདིར་མཚོན་ན་གོ་སྐབས་ཆེས་དཀོན་པོ་དང་རིན་ཐང་གཞལ་དུ་མེད་པའི་གྲུབ་འབྲས་ཡིན་ཁར་ཐུན་མོང་གི་འབད་འབུངས་ལས་བྱུང་བ་སྨོས་ཅི་འཚལ།
བྱ་དགའ་ཐོབ་པའི་ཚན་མཚོན་རི་མོའི་བརྩམས་ཆོས་ཤིག
འགྲན་བསྡུར་འདི་ལྟ་བུས་དགེ་རྒན་རྣམས་ལྟ་ཅི། ལྷག་པར་རི་མོ་སྒྱུ་རྩལ་ལ་དུངས་པའི་སློབ་གྲོགས་སྐོར་དང་སྐོར་ཞིག་ལ་ཧུར་བརྩོན་བྱེད་པའི་སྙིང་ཕུར་བརྡབ་ཅིང་རྗེས་མུར་བརྒྱ་འགྱུར་སྒོས་རང་ཉིད་ཀྱི་དགའ་ཕྱོགས་ལ་ཤུགས་བསྐྱེད་པའི་སྐུལ་ལྕག་ཚ་བེར་བ་ཞིག་གནངས། སློབ་གྲྭའི་མགོ་ཁྲིད་རྣམ་པའི་ཡང་དག་གི་སྣེ་སྟོན་དང་རི་མོ་དགེ་རྒན་ཡོངས་ཀྱི་གཅིག་མཐུན་གྱི་རིས་མེད་མཛུབ་ཁྲིད་འོག་འདི་ལྟ་བུའི་གླེང་རིན་ཡོད་ལ། ངོམ་རིན་ཡོད་པའི་གཡུར་ཟའི་འབྲས་བཟང་ཞིག་ཀུན་གྱི་མིག་གི་དགའ་ཚལ་དང་སྙན་པའི་བུ་རམ་དུ་འབུལ་བ་ལགས་ན། སླད་མར་ཡང་མི་རིགས་སློབ་གྲྭ་སོ་སོས་དཔུང་བ་མཉམ་བསྐྱོད་སྒོས་འདི་ལྟའི་ཁྱད་འཕགས་ཀྱི་བྱ་དགའ་ཞིག་ལེན་པར་ཚང་མས་བརྩོན་དགོས་པའི་འོས་འགན་ཞིག་ལགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com