བོད་ལྗོངསU-13ན་ཆུང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཞིས་རྩེ་རུ་སྤེལ་རྒྱུ་ཡིན་པ།
བོད་ལྗོངསU-13ན་ཆུང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གཞིས་རྩེ་རུ་སྤེལ་པ།
ཟླ6པའི་ཚེས14ཉིན། 2012ལོའི་བོད་རང་སྐྱོང་ལྗོངསU-13ན་ཆུང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་གཅིག་གྱུར་རྒྱན་ལེན་པའི་མཛད་སྒོའི་སྟེང་རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་དེ་ཟླ7པའི་ཚེས2ནས་ཚེས6བར་གཞིས་ཀ་རྩེ་ས་ཁུལ་གྱི་ལུས་རྩལ་ར་བར་སྤེལ་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུའུ་འགྲན་རྩལ་སྡེ་ཁག་གི་འགོ་གཙོ་་བདེ་སྐྱིད་པདྨ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་འགྲན་བསྡུར་ལ་རིམ་པ15ཡོད་ཅིང་། དུས་ཡུན་ཉིན་ལྔའི་འགྲན་བསྡུར་ལས་ཆ་སྙོམས་ཀྱིས་ཉིན་རེར་རིམ་པ3རེའི་འགྲན་བསྡུར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་སོ་སོའི་འགྲན་ཞུགས་རུ་ཁག་གཞིས་ཀ་རྩེ་ས་ཁུལ་གྱི་ལུས་རྩལ་ར་བར་འགྲན་བསྡུར་སྤེལ་རྒྱུ་ཡིན། འགྲན་བསྡུར་གྱི་ལུགས་དང་ཆད་གཅོད་སོགས་རྒྱལ་སྤྱིའི་ལུགས་དང་མཐུན་པར་ཡོད་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com