ལྷོ་ཁའི་ཡར་ཀླུང་རིག་གནས་དུས་ཆེན་སྟེང་རིག་གནས་བྱ་འགུལ20ལྷག་སྤེལ་བ།
བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ།
2012ལོའི་བོད་ལྗོངས་ཀྱི་ཡར་ཀླུང་རིག་གནས་དུས་ཆེན་ལ་དུས་སྔོན་གྱི་ཁྱབ་སྤེལ་མུ་འབྲེལ་བྱ་འགུལ་དང་། རིག་གནས་དུས་ཆེན་གྱི་བརྗོད་གཞིའི་མུ་འབྲེལ་བྱ་འགུལ། རིག་གནས་དུས་ཆེན་གྱི་གནས་སྐོར་མུ་འབྲེལ་བྱ་འགུལ་བཅས་ཁག་གསུམ་དུ་ཕྱེས་ཡོད་ཅིང་། ད་ལོའི་ཟླ5བ་ནས་ཟླ10བར་དུ་ཚར་དུ་དངར་བའི་བྱ་འགུལ་ཁག་སྤེལ་རྒྱུ་རེད།
རིག་གནས་དུས་ཆེན་གྱི་བརྗོད་གཞིའི་མུ་འབྲེལ་བྱ་འགུལ་དེ་འཆར་གཞི་ལྟར་ན་ཟླ8པར་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་ནས་སྤེལ་རྒྱུ་ཡིན་ཞིང་། རིག་རྩལ་འཁྲབ་སྟོན་དང་། གཉུག་གནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན། རིག་གནས་བརྗོད་གཞིའི་སྤྲོ་ཚོགས། ཡུལ་ཁོངས་བར་གྱི་རིག་གནས་འབྲེལ་འདྲིས་དང་དཔལ་འབྱོར་ཚོང་ལས་མཉམ་ལས་སོགས་རིག་གནས་བྱ་འགུལ་ཕུན་སུམ་ཚོགས་པོ་ཞིག་གནས་སྐོར་བ་དང་ལྟད་མོ་བ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་རྒྱུ་རེད།
རིག་གནས་དུས་ཆེན་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་ས་ཁུལ་གྱིས“རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་ཕ་སར་ཕུལ་བའི་བསྟོད་གླུ”སྟེ་མོན་པའི་སཱ་མ་ཆང་གཞས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་དང་། “གངས་ལྗོངས་གནས་མཆོག དཔྱིད་དུས་ཀྱི་མཛས་གཞས”ཞེས་པའི་གཉེན་སྟོན་བྱ་འགུལ་སོགས་བདེ་བླག་ངང་སྤེལ་བ་རེད། རིག་གནས་དུས་ཆེན་གྱི་དུས་སུ་ལྷོ་ཁའི་གནས་སྐོར་ཏེ་པོད་ཕྲན་པ་བརྒྱ་ལྷག་རིན་མི་དགོས་པར་ལྷོ་ཁར་སྐྱོད་པའི་བྱ་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད། འོང་སྐོར་དུས་ཆེན་དང་གྲི་གུའི་འབྲོག་མིའི་དུས་ཆེན་སོགས་ཀྱི་དུས་སུ་བོད་ཀྱི་དམངས་སྲོལ་རིག་གནས་བྱ་འགུལ་རབས་དང་རིམ་པ་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com