བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་ལེ་ཚན་སློབ་ར་དང་གླིང་གར་སྐྱོད་པ།
རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་ལ་གྲ་སྒྲིག་བྱེད་བཞིན་པའི་འཁྲབ་སྟོན་པ་རྣམས།
ཉེ་སྔོན། སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་གྱི་ལེ་ཚན་རིམ་པ་ལྟར་ལྷ་སའི་ཕྱི་གླིང་སྐད་ཡིག་སློབ་གྲྭ་དང་རྫོང་རྒྱབ་ཀླུ་ཁང་དུ་ཕྱིན་ནས་སློབ་ཕྲུག་ཚོ་དང་ལྷ་སའི་ལས་རིགས་སོ་སོའི་མི་དམངས་ལ་མིག་གི་བདུད་རྩི་དང་རྣ་བའི་བུ་རམ་དུ་འགྱུར་བའི་ལྷ་མོའི་ཟློས་གར་དང་། ནག་ཆུའི་ལ་གཞས། ཀོང་པོའི་མདའ་འཆམ། གེ་སར་སྒྲུང་ལ་སོགས་པའི་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རིག་རྩལ་འཁྲབ་སྟོན་བྱས་པས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
ཟླ6པའི་ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡས་མས་སུ། གྲོང་ཁྱེར་ལྷ་སའི་རྫོང་རྒྱབ་ཀླུ་ཁང་ནང་མི་ཚོགས་ཀྱིས་བཀང་ཡོད་པ་དང་། གཟིགས་མོ་པས་གླིང་གའི་གར་སྟེགས་ཀྱི་ཕྱོགས་བཞི་ཀུན་ནས་བསྐོར་པ་དང་ཡིད་ཀྱི་དང་བ་འདྲེན་པར་བྱེད་པའི་འཁྲབ་སྟོན་དག་ལ་དགའ་བསུའི་ཐལ་མོ་ཟམ་མ་ཆད་པར་ཐོབ། གཟིགས་མོ་བ་རྒན་མོ་བཀྲ་ཤིས་སྒྲོལ་མ་ལགས་ནི་ནག་ཆུའི་ལས་འཁྱུར་ངལ་གསོ་བྱེད་ཀྱིན་པའི་ལས་བཟོ་བ་ཞིག་ཡིན་ལ། གར་སྟེགས་ལས་དྲུག་འགྱུར་དབྱངས་ཀྱིས་ཕྱུག་པའི་ལ་གཞས་བཏང་བ་ན་ཁོ་མོ་སྤྲོ་སེམས་རབ་ཏུ་རྒྱས་ནས་བཤད་རྒྱུར། “ནག་ཆུར་ལས་ཀ་བྱེད་དུས། རྟག་པར་ལ་གཞས་གསན་ཐུབ་ཀྱང་ལྷ་སར་བསླེབས་པ་ནས་བཟུང་གོ་སྐབས་ཤིན་ཏུ་ཉུང་། དེ་རིང་འདིར་གསན་བཞེས་ཐུབ་པས་དངོས་གནས་དགའ་པོ་ཞེ་དྲག་བྱུང་།”ཞེས་ཟེར།
བསྟུར་མར་ཉིན་ཁ་ཤས་རིང་དུ། སྐབས་དང་པོའི་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་དེ་མང་ཚོགས་སྒྱུ་རྩལ་ཁང་དང་། ལྷ་སའི་ཕྱི་གླིང་སྐད་ཡིག་སློབ་གྲྭ། རྫོང་རྒྱབ་ཀླུ་ཁང་སོགས་སུ་བསྟུད་མར་འཁྲབ་སྟོན་བྱས་པ་དང་། གཟིགས་མོར་ཕེབས་མཁན་ཟམ་ཆད་ཀྱིན་མེད་ལ་བོད་ལྗོངས་ཀྱི་མང་ཚོགས་དང་ཡུལ་སྐོར་བ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com