《བོད་ལྗོངས་སློབ་གྲྭ་ཆེན་མོ》དུས་དེབ་འདོན་ཐེངས་བརྒྱ་སྤེལ་བར་རྟེན་འབྲེལ་རྗེས་དྲན་གྱི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-19 08:39:00 ཀློག་གྲངས།:

《西藏大学学报》.
《བོད་ལྗོངས་སློབ་གྲྭ་ཆེན་མོ》རིག་གཞུང་དུས་དེབ་འདོན་ཐེངས་ཁག་ཅིག

  ཟླ6པའི་ཚེས16ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱིས《བོད་ལྗོངས་སློབ་གྲྭ་ཆེན་མོ》རིག་གཞུང་དུས་དེབ་འདོན་ཐེངས་བརྒྱ་སྤེལ་བར་རྟེན་འབྲེལ་རྗེས་དྲན་གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་ནང་ཁུལ་གྱི་དུས་དེབ་ཁག་གཅིག་གི་སྒྲིག་པ་པོ་དང་། དེ་མིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་ཀྱི་ཀློག་པ་པོ་དང་རྩོམ་པ་པོ་དག་ཐེངས་འདིའི་རྗེས་དྲན་བྱེད་སྒོ་ལ་ཞུགས།
  རྒྱུས་ལོན་བྱུང་བ་ལྟར་ན། 1986ལོར་གསར་སྤེལ་བྱས་པའི《བོད་ལྗོངས་སློབ་གྲྭ་ཆེན་མོ》རིག་གཞུང་དུས་དེབ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་བྱེད་ཀྱིན་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་ལ། དེར་བོད་རྒྱ་ཡིག་རིགས་གཉིས་ཀྱི་པར་གཞི་ཡོད། ཉེ་བའི་ལོ་ཤས་ནང་རིག་གཞུང་དུས་དེབ་འདིའི་ཤུགས་རྐྱེན་ཆེ་རུ་ཕྱིན་པ་དང་། དེའི་ནང་བོད་ཡིག་པར་གཞི་ནི་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་མི་རིགས་ཡི་གེ་པར་གཞིའི་རིག་གཞུང་དུས་དེབ་གྲགས་ཅན་དུ་ཆགས་ཤིང་། རྒྱ་ཡིག་པར་གཞི་བསྟུད་མར་སྐབས་གཉིས་ལCSSCIཐོན་ཁུངས་ཀྱི་དུས་དེབ་ནང་ཚུད། 2011ལོར་རིག་གཞུང་དུས་དེབ་འདིའི་རྒྱ་ཡིག་པར་གཞིའི “བོད་རིག་པའི་ཞིབ་འཇུག་”ལེ་ཚན་དེ་སློབ་གསོ་པུའུ་ཡི་ལེ་ཚན་གྲགས་ཅན་འཛུགས་སྐྲུན་ལས་གཞིའི་སྐོར་ཁག་གཉིས་པའི་འོས་འདེམ་ལེ་ཚན་དུ་བདམས། “བོད་རིག་པའི་ཞིབ་འཇུག”དང་། “ནུབ་རྒྱུད་གླེང་སྟེགས།” “མཐོ་སྒང་གི་སྐྱེ་ཁམས།” “མཐོ་སྒང་གི་སྨན་དཔྱད།” “བོད་ཡིག་ཆ་འཕྲིན”སོགས་ཚབ་མཚོན་ཏུ་བྱས་པའི་ལེ་ཚན་ཁྱད་ཆོས་ཅན་གྲུབ་ཡོད་པ་དང་། རིག་གཞུང་རྐང་འཛིན་པ་དང་། དགེ་རྒན། ཚན་རིག་ཞིབ་འཇུག་པ་གཙོས་པའི་གཏན་ཆགས་ཀྱི་རྩོམ་པ་པོའི་དཔུང་སྡེ་སྐོར་ཞིག་སྐྱེད་སྲིང་བྱས་ཡོད།
  བོད་ལྗོངས་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། 《བོད་ལྗོངས་སློབ་གྲྭ་ཆེན་མོ》རིག་གཞུང་དུས་དེབ་སྤེལ་པའི་བརྒྱུད་རིམ་ཁྲོད་དུ་བོད་ལྗོངས་ཀྱི་ཁྱད་ཆོས་འབུར་ཐོན་ཡོང་ཅི་ཐུབ་བྱས་ཡོད་པའི་ཁར། ཧུར་ཐག་གིས་རིག་གཞུང་ལེགས་ཤོས་སྒྲུབ་ཅི་ཐུབ་བྱས་ནས། ཐོག་མཐའ་བར་གསུམ་དུ་སློབ་གསོ་ཚན་རིག་ཞིབ་འཇུག་དང་བོད་ལྗོངས་ཀྱི་དཔལ་ཡོན་གཉིས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་མཚོན་པར་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།