ཧུང་ཡོན་བོད་ཡིག་སློབ་འབྲིང་གིས་སློབ་མའི་ལུས་རྩལ་འགྲན་ཚོགས་སྤེལ་བ།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-19 09:06:00 ཀློག་གྲངས།:

ཧུང་ཡོན་བོད་ཡིག་སློབ་འབྲིང་གིས་སློབ་མའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
སྐོར་བྲོ་འགྲན་བསྡུར།

         ཉེ་ལམ། ཧུང་ཡོན་རྫོང་རྒྱུན་སྡོད་བོད་ཡིག་སློབ་འབྲིང་གི་སྐབས་ཉེར་བཞི་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་དབུ་ཚུགས་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང༌། སློབ་གྲྭ་ཡོངས་ཀྱི་སློབ་མ1400ལྷག་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་སྐོར་བྲོ་དང་མཐུད་རྒྱུག  རྒྱང་བསྒྲགས་ལུས་རྩལ་བཅས་ཚོགས་སྤྱིའི་ལུས་རྩལ་རྣམ་གྲངས་གསུམ་དང༌། རིང་རྒྱུག་དང་ཐུང་རྒྱུག   མཐོ་མཆོང༌། རྒྱང་མཆོང༌། ཞ་གོང་གཡུག་པ། འཕང་མདུང་འཕེན་པ་སོགས་མི་སྒེར་གྱི་ལུས་རྩལ་རྣམ་གྲངས10ལ་ཞུགས་ཡོད་ཅིང་ཉིན་གསུམ་གྱི་རིང་ལ་སྤེལ་པ་ཡིན། 

ཧུང་ཡོན་བོད་ཡིག་སློབ་འབྲིང་གིས་སློབ་མའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
ཐུང་རྒྱུག

         ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྤེལ་བ་བརྒྱུད་ནས་སློབ་མ་རེ་རེའི་ལུས་རྩལ་སྦྱོང་བརྡར་རྒྱུན་འཁྱོངས་བྱས་ནས་ལུས་གཟུགས་བདེ་ཐང་ཡོང་བའི་འདུ་ཤེས་བསྐྱེད་བསྲིང་བྱེད་པའི་གོམས་གཤིས་ལོབས་སུ་འཇུག་པ་དང༌། འཛིན་གྲྭ་སོ་སོའི་ཚོགས་སྤྱིའི་འདུ་ཤེས་ཇེ་བརྟན་དང་མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་ནས་འཆམ་ཞིང་མཐུན་ལ་གསོན་ཤུགས་ཀྱིས་ཁེངས་པའི་རིག་གནས་སློབ་གསོའི་ཁོར་ཡུག་ཅིག་བསྐྲུན་པའོ།།

ཧུང་ཡོན་བོད་ཡིག་སློབ་འབྲིང་གིས་སློབ་མའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
རྒྱང་མཆོང༌།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།