ཧུང་ཡོན་ལ་རྔ་བ་ཁུལ་སྐབས་བདུན་པའི་ཆུང་འབྲིང་སློབ་མའི་སྒྱུ་རྩལ་དུས་ཆེན་གྱི་གཡུར་ཟའི་འབྲས་བུ་སྨིན།
ཧུང་ཡོན་ཚབ་བྱེད་པའི་གར་གྱི་སྟངས་སྟབས།
ཉེ་ཆར། ལོ་ཆུང་གཞོན་ནུའི་ཁྲོད་དུའང་སྤྱི་ཚོགས་རིང་ལུགས་ཀྱི་ཤེས་རིག་འཕེལ་རྒྱས་ཆེན་པོ་དང་གཟི་མདངས་ཆེན་པོ་རྒྱས་ཕྱིར། རྔ་བ་ཁུལ་སློབ་གསོ་ཅུའུ་དང་གུང་གཞོན་ཚོགས་པ་རྔ་བ་ཁུལ་ཨུས་གཙོ་སྒྲུབ་བྱས་པའི་ཉི་འོད་འོག་ཏུ་འཚར་ལོངས་བྱུང་བ་ཞེས་པའི་སྐབས་བདུན་པའི་ཆུང་འབྲིང་སློབ་མའི་སྒྱུ་རྩལ་དུས་ཆེན་དང་སྐབས་ལྔ་བའི་ན་ཆུང་གཞོན་ནུའི་སྒྱུ་རྩལ་དུས་ཆེན་དེ་འབར་ཁམས་སུ་འཚོགས།
ཧུང་ཡོན་རྫོང་རེ་སྨོན་སློབ་གྲྭའི《ནམ་འཕངས་ཆོད་དང༌། རེ་སྨོན་ལགས》ཞེས་པའི་ཞབས་བྲོ་དེ་ཁུལ་ཡོངས་ཀྱི་སྐུ་ཚབ་རུ་ཁག20ལས་ཁྱད་དུ་འཕགས་ཏེ་ཞབས་བྲོའི་འགྲན་བསྡུར་གྱི་ཨང་དང་བོའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་ཆབས་ཅིག་ཏུ་རེ་སློན་སློབ་གྲྭའི་མཉམ་ལེན《ཁུ་བྱུག་སྔོན་མོ》དང《སྒྲོལ་མ》གཉིས་ལ་ཡང་སྐབས་འདིའི་སྒྲ་དབྱངས་འགྲན་བསྡུར་ཁྲོད་དུ་ཨང་དང་བོའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད། ངོ་མཚར་ཡིད་དུ་འོང་བའི་གཟི་བརྗིད་ཀྱི་འབྲས་བུ་འདི་དག་ནི་གོང་རིམ་དབུ་ཁྲིད་སྡེ་ཁག་དང་རྒྱ་ཆེའི་རིགས་སོ་སོའི་ལས་རིགས་མི་སྣའི་ཐུགས་ཁུར་རྒྱབ་སྐྱོར་དང༌། སློབ་གྲྭའི་དགེ་སློབ་ཡོངས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་འབྲས་བུ་ལ་བརྟེན་ནས་བྱུང་བ་ཡིན་ཞིང༌། རེ་སྨོན་སློབ་གྲྭའི་བྱང་ཚད་སློབ་གསོའི་གཡུར་ཏུ་ཟ་བའི་འབྲས་བུའང་ཡིན་པ་རེད།
ཧུང་ཡོན་རྫོང་རེ་སྨོན་སློབ་གྲྭའི་ཨང་དང་བོའི་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པའི་རིག་རྩལ་ལེ་ཚན་དག་གིས་རྔ་བ་ཁུལ་གྱི་སྐུ་ཚབ་བྱས་ཏེ་སི་ཁྲོན་ཞིང་ཆེན་སྐབས་བདུན་པའི་ཆུང་འབྲིང་སློབ་མའི་སྒྱུ་རྩལ་དུས་ཆེན་གྱི་འགྲན་བསྡུར་ལ་ཞུགས་དགོས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com