བྱུང་བརྗོད་སྙན་ངག《གེ་སར་སྒྲུང》སྟེ་ངག་ཐོག་སྒྱུ་རྩལ་གྱི་མ་དཔེ།
ནག་ཆུའི་སྒྲུང་པས་སྒྲུང་བཤད་བཞིན་པ།
ཀུན་གྱིས་མཁྱེན་གསལ་ལྟར《གེ་སར་སྒྲུང》ནི་ལོ་རྒྱུས་སྟེང་ཆེས་རིང་བའི་བྱུང་བརྗོད་སྙན་ངག་ཅིག་དང་། ངག་ཐོག་ནས་བརྒྱུད་པའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ཞིང་། བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན་སོགས་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་ས་ཁྱབ་རྡོ་བརྡལ་དུ་སོང་འདུག ཉེ་སྔོན་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་འབྲས་འགྲེམ་སྟོན་སྐབས་དང་པོའི་སྟེང་བོད་ལྗོངས་ནག་ཆུ་ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་སྒྱུ་རྩལ་པ་རྣམས་ཀྱིས《གེ་སར་སྒྲུང》གར་སྟེགས་སྟེང་འཁྲབ་སྟོན་བྱས་ཤིང་། ཁོང་ཚོས་ཚིག་སྦྱོར་སྙན་ཞིང་དབྱངས་རྟ་ཕུན་སུམ་ཚོགས་པོའི་སྒོ་ནས་གདོད་མའི་མི་རིགས་ཀྱི་བསྟོད་གླུ་འདི་ཡང་བསྐྱར་ཀུན་གྱི་སྙན་ལམ་དུ་ཕུལ་བ་རེད།
2009ལོའི་ཟླ10བའི་ཚེས1ཉིན།《གེ་སར་སྒྲུང》འཛམ་གླིང་གི་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བདམས་ཤིང་། མིག་སྔའི་བར་དུ་ལག་སོན་བྱུང་བའི་རྒྱུ་ཆ་ལྟར་ན《གེ་སར་སྒྲུང》ལ་པོ་ཏི120ལྷག་དང་། ཚིག་རྐང་ས་ཡ1ལྷག ཡིག་གྲངས་བྱེ་བ2ལྷག་ཡོད་པ་རེད། བྱུང་བརྗོད་སྙན་ངག་འདིའི་ཡིག་གྲངས་ཁོ་ན་ལས་བལྟས་ན་འཛམ་གླིང་གི་བྱུང་བརྗོད་སྙན་ངག་གྲགས་ཅན་ཁག་གི་སྤྱིའི་ཡིག་གྲངས་ལས་བརྒལ་འདུག་པས། འགྲོ་བ་མིའི་རིགས་ཀྱི་ངག་ཐོག་སྒྱུ་རྩལ་གྱི་མ་དཔེ་ཞིག་ཡིན།
ནག་ཆུའི་སྒྲུང་པས་སྒྲུང་བཤད་བཞིན་པ།
ནག་ཆུའི་གེ་སར་སྒྲུང་པ་རྣམས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com