དགེ་རྒན་ཆེན་མོ་པདྨ་མཚོས་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་གི་འཆད་ཁྲིད་གནང་བ།
དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་རིག་གཞུང་འཆད་ཁྲིད་གནང་བཞིན་པ།
ཟླ6པའི་ཚེས8ཉིན། ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་གླིང་གི་ཆོས་ལུགས་རིག་པའི་དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་ཧཱ་ཧྥོ་སློབ་གྲྭ་ཆེན་མོར་རིག་གཞུང་འཚམས་འདྲི་གནང་བའི་ཉམས་མྱོང་དང་འབྲེལ་ནས་རྒྱལ་ཕྱིའི་བོད་རིག་པའི་ཞིབ་འཇུག་སྐོར་གླེང་བ་ཞེས་པའི་རིག་གཞུང་འཆད་ཁྲིད་ཅིག་གནང་བ་རེད།
དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་ཧཱ་ཧྥོ་སློབ་ཆེན་དང་། སཱན་ཏེའུ་ཀོ་སློབ་ཆེན། ཏཱན་ཧྥོ་སློབ་ཆེན། ཁཱ་ལི་རེ་ཏོ་སློབ་ཆེན་སོགས་ཀྱི་བོད་རིག་པའི་ཞིབ་འཇུག་གི་གནས་ཚུལ་སྐོར་དང་འབྲེལ་ནས་ནུབ་ཕྱོགས་སུ་བོད་རིག་པའི་ཞིབ་འཇུག་གི་འཕོ་འགྱུར་དང་གནས་བབ་བརྗོད་པ་རེད།
དགེ་རྒན་ཆེན་མོ་པདྨ་མཚོ་ལགས་ཀྱིས་འཆད་ཁྲིད་ཁྲོད་དེང་རབས་ཀྱི་བོད་རིག་པའི་ཞིབ་འཇུག་ཐོག་མར་སྤེལ་གནས་ཏེ་ལུན་ཏུན་སློབ་ཆེན་ཡ་གླིང་ཞིབ་འཇུག་ཁང་དང་། 1990ལོའི་ཟླ4བར་བསྡུས་པའི“བོད་ལྗོངས་ཀྱི་ལོ་ངོ་བཞི་བཅུ་སྟེ1950ལོ་ནས1990ལོའི་ཚོགས་འདུ”། དེའི་རྗེས་ཨོ་ཁི་སི་ཧྥོ་ཏི་སློབ་ཆེན་དང་ཁཱི་ལོན་པི་ཡ་སློབ་ཆེན་སོགས་སུ་དེང་རབས་བོད་རིག་པ་ཞིབ་འཇུག་གི་སློབ་ཁྲིད་ལས་གཞི་བཙུགས་ཚུལ། བོད་རིག་པའི་ཆེད་མཁས་པ་ཆེན་མོ་ཁཱིན་སཱི་མའེ་སུ་དང་ཁོང་གིས་སྐུ་ཚེ་གང་བོར་འཚོལ་བསྡུ་བྱས་པའི་ཞིབ་འཇུག་གི་རྒྱུ་ཆ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འབུལ་བའི་ཚུལ། དེ་མིན་རྒྱལ་སྤྱིའི་བོད་རིག་པའི་ཆེད་མཁས་པ་རྣམས་ཀྱིས་བོད་རིག་པ་ཞིབ་འཇུག་འཕེལ་ཕྱོགས་ཀྱི་ལྟ་གྲུབ་སོགས་ངོས་ཐད་སོ་སོ་ནས་འཆད་ཁྲིད་རྒྱ་ཆེན་པོ་གནང་བས། སློབ་གྲྭ་དེ་གའི་སློབ་མ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com