མཚོ་སྔོན་པོ་གཡས་རུ་གཡོན་རུ་གེ་སྒྲུང་འཁྲབ་བཤད་ཚོགས་འདུ་ཐོག་དང་པོ་མཚོ་སྔོན་པོ་འགྲམ་རྒྱུད་དུ་བསྡུས་པ།
དམངས་ཁྲོད་སྒྲུང་པས་གེ་སྒྲུང་འཁྲབ་བཤད་གནང་བཞིན་པ།
ཟླ6པའི་ཚེས23ཉིན། མཚོ་སྔོན་པོ་གཡས་རུ་གཡོན་རུའི་དམངས་ཁྲོད་སྒྲུང་པ་མཐུན་ཚོགས་ཀྱིས་བསྒྲུབ་པའི་མཚོ་སྔོན་པོ་གཡས་རུ་གཡོན་རུ་གེ་སྒྲུང་འཁྲབ་བཤད་ཚོགས་འདུ་ཐོག་དང་པོ་མཛེས་སྡུག་ཡིད་དུ་འོངས་པའི་མཚོ་སྔོན་པོ་འགྲམ་རྒྱུད་དུ་བསྡུས་པ་རེད། ཚོགས་འདུ་འདིར་གླིང་སྒྲུང་ཞིབ་འཇུག་ཆེད་མཁས་དང་རིག་གནས་པ། དེ་མིན་ས་གནས་མང་ཚོགས་དང་གནས་སྐོར་པ་སོགས་མི་བརྒྱ་ལྷག་འདུས་ཡོད། ཚོགས་འདིའི་སྟེང་མཚོ་སྔོན་པོ་གཡས་རུ་གཡོན་རུའི་དམངས་ཁྲོད་སྒྲུང་པ་བཅུ་ཡིས་ཡུལ་དངོས་ནས་གེ་སྒྲུང་འཁྲབ་བཤད་གནང་།
དམངས་ཁྲོད་སྒྲུང་པས་གེ་སྒྲུང་འཁྲབ་བཤད་གནང་བཞིན་པ།
འཛམ་གླིང་སྤྱི་བསང་།
མཚོ་སྔོན་པོ་གཡས་རུ་གཡོན་རུའི་དམངས་ཁྲོད་སྒྲུང་པ་མཐུན་ཚོགས་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་སྲུས་ནག་ཡུལ་ཚོའི་མང་ཚོགས་ཀྱི་རང་བློ་ལྟར་བཙུགས་པའི་རྩ་འཛུགས་ཤིག་ཡིན་ཞིང་། རྩ་འཛུགས་འདིས་གེ་སར་སྒྲུང་གི་རྒྱུན་འཛིན་དང་སྔོག་འདོན། སྲུང་སྐྱོབ། གཞན་ད་དུང་དམངས་ཁྲོད་སྒྲུང་པ་སྐྱེད་བསྲིང་སོགས་ཀྱི་ཐད་ལ་ནུས་པའམ་དོན་སྙིང་གལ་ཆེན་ཐོན་མུས་རེད།
ཚོགས་ཞུགས་མི་སྣའི་མཉམ་པར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com