གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-26 09:52:00 ཀློག་གྲངས།:

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་
གསུམ་གྱི་ལུས་རྩལ་བྱ་འགུལ་དངོས་སུ་འགོ་བརྩམས་པ།

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དར་འཕྱར་རུ་ཁག

         ཟླ6པའི་ཚེས25ཉིན།  གསེར་ཆེན་རྫོང་སློབ་འབྲིང་དུ་གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དང་ཆུང་འབྲིང་སློབ་གྲྭ30ཡས་མས་ཐེངས་འདིའི་ལུས་རྩལ་བྱ་འགུལ་ལ་ཞུགས།

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
བྱིས་སྐྱོང་ཁང་གི་སློབ་མ་ཆུང་ཆུང་རྣམས་ཉམས་དགའ་བའི་ངང་མདུན་དུ་བསྐྱོད་པ།

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
རྔ་རྡུང་རུ་ཁག

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་
གསུམ་གྱི་ལུས་རྩལ་བྱ་འགུལ་དངོས་སུ་འགོ་བརྩམས་པ།

          འདིར་གསེར་ཆེན་རྫོང་གི་འབྲིང་ཆུང་སློབ་གྲྭ་སོ་སོ་དང་། གཟིགས་མོ་བ་རྣམས་སྔ་མོ་ནས་གསེར་ཆེན་རྫོང་སློབ་འབྲིང་དུ་འཛོམས་ཤིང་། སློབ་མ་ཚོས་དུས་སྔོན་གྱི་སྟ་གོན་ལེགས་པོ་བྱས་པར་བརྒྱུད་ཧ་ལམ་ཆུ་ཚོད10:30སྟེང་འབྲིང་ཆུང་སློབ་གྲྭ་སོ་སོ་སློབ་གྲྭ་འདིའི་ལུས་རྩལ་ར་བར་དཔུང་སྟར་བ་དང་། འབྲེལ་ཡོད་འགོ་ཁྲིད་པས་གཏམ་བཤད་དང་ཤིས་ཚིག་ཕུལ་རྗེས། སློབ་གྲྭ་རུ་ཁག་སོ་སོས་བྲོ་གར་སྣ་ཚོགས་དང་སྐོར་བྲོ་སོགས་རིག་རྩལ་འཁྲབ་སྟོན་བྱས་ནས་ཐེངས་འདིའི་ལུས་རྩལ་བྱ་འགུལ་དངོས་སུ་འགོ་བརྩམས་པ་དང་། ཉིན་གསུམ་གྱི་དུས་ཡུན་བེད་སྤྱད་དེ་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་བསྡུར་བྱ་རྒྱུ་རེད།

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
ལུས་རྩལ་འཁྲབ་སྟོན།

གསེར་ཆེན་རྫོང་སྐབས་བཅུ་གཉིས་པའི་ཆུང་འབྲིང་སློབ་མའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་བྱ་འགུལ།
སྐོར་བྲོ་འཁྲབ་སྟོན།

         འདི་ལྟ་བུའི་ལུས་རྩལ་བྱ་འགུལ་སྤེལ་བ་ནི་སློབ་མའི་ལུས་ཁམས་བདེ་ཐང་ལ་དགེ་མཚན་ཆེན་པོ་ལྡན་པ་མ་ཟད། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དང་དུས་རྒྱུན་གྱི་འཚོ་བར་དཀའ་ཁག་གང་མང་ལ་འཕྲེད་དུས་ཀྱང་མདུན་སྐྱོད་ཀྱི་སྤོབས་པ་ཆེས་ཆེར་བསྐྱེད་སྲིད་ཅིང་། སློབ་མས་རྗེས་ཕྱོགས་རང་ཉིད་ཀྱི་མི་འདང་བའི་ཆ་དེར་ད་དུང་བརྩོན་པ་ལྷུར་ལེན་བྱེད་དགོས་པའི་ངེས་སེམས་ཀྱང་བསྐྱེད་ཐུབ་པ་དང་།  འདི་ལྟ་བུའི་བྱ་འགུལ་རབས་དང་རིམ་པ་གང་མང་སྤེལ་ཏེ་སློབ་མའི་སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་དངོས་གནས་འགངས་ཆེ་བར་སྙམ།

ཞར་བཀོད།

ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་འབྲེལ་ཡོད་ཆུང་འབྲིང་སློབ་གྲྭ

         ཨེར་སྟི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་།   ཆོས་རྗེ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་། རིག་སྨོན་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་། སྲུས་ནག་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་། རྟ་ནག་མ་ཡུལ་ཚོའིོ་མི་རིགས་བཅའ་སྡོད་སློབ་ཆུང་། ཐེ་གེ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་། ས་གྲུ་བཞི་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་། གསེར་ཆེན་རྫོང་ཐང་དཀར་མ་གྲོང་རྡལ་བཅའ་སྡོད་སློབ་ཆུང་། ལུང་གཡང་འགག་གྲོང་རྡལ་བཅའ་སྡོད་སློབ་ཆུང་། མཚོ་ཤར་ཕྱུགས་རའི་མི་རིགས་བཅའ་སྡོད་སློབ་ཆུང་། གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློང་ཆུང་གཉིས་པ།  གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློང་ཆུང་དང་པོ། གསེར་ཆེན་རྫོང་མཚོ་སྐོར་མི་རིགས་བཅའ་སྡོད་སློབ་ཆུང་། ཐང་དཀར་མ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་། གསེར་ཆེན་རྫོང་སློབ་འབྲིང་། གསེར་ཆེན་རྫོང་སློབ་ཆུང་དང་པོ། གསེར་ཆེན་རྫོང་ཨང་ཤེས་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་། ལྷའི་ཕོ་ཉ་ཆུང་བའི་བྱིས་སྐྱོང་ཁང་སོགས་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།