ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་རིག་གཞུང་འཆད་ཁྲིད་གནང་བ།
ཉེ་ལམ། མིང་དུ་གྲགས་པའི་བོད་ཀྱི་ཤེས་ཡོན་པའམ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཁ་བྱང་ལ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་ཐབས་ཞེས་པའི་རིག་གཞུང་འཆད་ཁྲིད་ཅིག་གནང་ཞིང་། བོད་རིག་པའི་གླིང་གི་དགེ་སློབ200ལྷག་གིས་ཐེངས་འདིའི་འཆད་ཁྲིད་ལ་གསན་པ་རེད།
ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་ལོ་གང་མང་ལ་བོད་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་བར་གཞོལ་ཞིང་། ཁོས་གཏིང་ཟབ་པའི་གཞུང་ལུགས་དང་། རིག་གནས་ཀྱི་མིག་རྒྱང་གསར་བ། ཁྱད་དུ་འཕགས་པའི་ཞིབ་འཇུག་བྱ་ཐབས་བཅས་ལས་བོད་མི་རིགས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་། འཕེལ་རྒྱས་བརྒྱུད་རིམ། ལོ་རྒྱུས་དོན་རྐྱེན་སོགས་ལ་གཏིོང་ཟབ་པ་དང་ཕྱོགས་ཡོངས་ཀྱི་སྒོ་ནས་དབྱེ་ཞིབ་བྱས་ཏེ་ལོ་རྒྱུས་ཀྱི་དུས་སྐབས་མི་མཚུངས་པའི་སྤྱི་ཚོགས་གནས་བབས་དང་ཆབ་སྲིད་ལམ་ལུགས། རིག་གནས་མཚོན་སྟངས། དེ་མིན་མཐའ་འགྲམ་མི་རིགས་བར་གྱི་འགྲོ་འོང་འབྲེལ་བ་བཅས་ཀྱི་ཐད་ནས་ཞིབ་བརྗོད་གནང་། མ་ཟད་ཁོས་སྨྱན་མང་གཟུགས་ཀྱི་རྩིས་རིག་ལག་ཆ་བེད་སྤྱད་དེ་བོད་ཀྱི་ལོ་རྒྱུས་དངོས་གཟུགས་པར་རིས་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་པར་རིས། ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན་རྟོག་བཟོ་པར་རིས་སོགས་སྒྲོན་བརྙན་གྱི་ལམ་ནས་དགེ་སློབ་ཡོངས་ཀྱི་མིག་ལམ་དུ་སྟར་བས་ཡུལ་དངོས་དགེ་སློབ་ཀུན་གྱི་མཐོང་རྒྱ་སྔར་ལས་ཡངས་བོར་བསྐྱེད་ཅིང་ཁོ་ཚོས་བོད་ཀྱི་ལོ་རྒྱུས་སྐོར་ལ་ངེས་འཛིན་གསར་བ་ཞིག་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com