མཚོ་ལྷོ་ཁུལ་གྱིས་རིག་དངོས་སྲུང་སྐྱོབ་བྱེད་ཐབས་ལ་ཤུགས་བསྣན་ཏེ་རིག་གནས་ལས་དོན་གོང་དུ་སྤེལ་བ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-27 11:24:00 ཀློག་གྲངས།:


མཚོ་ལྷོ་ཁུལ་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ།)

མཚོ་ལྷོ་ཁུལ་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ།)

  ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀྱི་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་རྩད་ཞིབ་བྱ་བ་ཡོངས་སུ་མཇུག་སྒྲིལ་བ་དང་། 《མཚོ་ལྷོ་ཁུལ་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་རྩད་ཞིབ་བྱ་བའི་སྙན་ཞུ》དང་རྫོང་སོ་སོའི《སྙན་ཞུ》ཆ་ཚང་བྲིས་ཚར་ཡོད། མཚོ་ལྷོ་ཁུལ་གྱི“རྩད་ཞིབ་གསུམ”གྱི་ལས་ཁུངས་གཅིག་དང“རྩད་ཞིབ་གསུམ”གྱི་ལས་ཀ་པ་མི6ལ་མཚོ་སྔོན་ཞིང་ཆེན་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་རྩད་ཞིབ་བྱ་བ་མཇུག་སྡོམ་ཚོགས་ཆེན་གྱི་གཟེངས་བསྟོད་ཐོབ། དེ་དང་ཆབས་ཅིག་ཏུ་ཧུར་ཐག་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་རེ་ཞུའི་བྱ་བ་སྒྲུབ་པ་དང་། ཟླ4བའི་ཟླ་སྨད་ལ་ཁུལ་ཡོངས་ཀྱི་རིག་དངོས་ལས་ཁུངས་གཙོ་གནད་དག་ལ་ནན་ཏན་གྱིས་འདེམ་སྒྲིག་བྱས་པ་དང་། མང་རྫོང་ཐར་ཤུལ་དགོན་པ་ལ་སོགས་པའི་རིག་དངོས་ས་གནས8ཀྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སྐོར་ཁག་དགུ་པའི་ནང་རེ་ཞུ་ཕུལ་བཞིན་པའི་སྒང་ཡིན། སྔར་ལས་ལྷག་པར་མཚོ་ལྷོ་ཁུལ་གྱི“རྫོང་རུ་རིག་གནས”རིག་དངོས་ཀྱི་སྲུང་སྐྱོབ་དང་དོ་དམ་བྱ་བ་ཡག་པོར་སྒྲུབ་པ་དང་། ཁུལ་རྟེན་མཛོད་ཁང་གི་ཉར་ཚགས་རིག་དངོས་ཀྱི་གྲངས་ཀ་འཕར་སྣོན་ཡོང་ཆེད། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་དང་ཐེངས་མང་པོར་མཐུན་འགྲིག་བྱས་པ་བརྒྱུད་སྔ་མར་མཚོ་ལྷོ་ཁུལ་རྫོང་རུ་ནས་ཐོན་པའི་རིག་དངོས15000ལྷག་ཕྱིར་ཁུལ་མི་རིགས་རྟེན་མཛོད་ཁང་དུ་སྤྲད། དེའི་ནང་རིག་དངོས་རྩ་ཆེན100ལྷག་ཡོད། (རྫ་ཆས80དང་། རུས་ཆས10། རྡོ་ཆས9། གཡང་ཊིའི་ཡོ་ཆས1)མིག་སྔའི་བར་དུ་ཁུལ་མི་རིགས་རྟེན་མཛོད་ཁང་གིས་ཉར་བའི་རྫོང་རུ་རིག་གནས་ཀྱི་རིག་དངོས་ཀྱི་སྤྱིའི་བསྡོམས་གྲངས16000ལ་བསླེབས་ཡོད་པ་དང་། ཁུལ་མི་རིགས་རྟེན་མཛོད་ཁང་གི་རིག་དངོས་ཉར་ཚགས་ཀྱི་བྱེད་ནུས་མཐོར་འདེགས་བྱས།


མཚོ་ལྷོ་ཁུལ་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ།)

མཚོ་ལྷོ་ཁུལ་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས།(པར་ལེན་མཁན། ལྷ་སྐྱིད་སྒྲོལ་མ།)

  དུས་སྐབས་འདིར་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུས་མི་སྣ་རྩ་འཛུགས་བྱས་ནས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་མིང་ཐོ་སྒྲིག་རྒྱུའི་སྐོར་ཀྱི་བྱ་བ་དང་། ཟླ8པའི་ཁྲི་ཀའི“དྲུག་པའི་ལྷ་རྩེད”སྐབས་སུ་ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གྲ་སྒྲིག་འགྲེམ་སྟོན་སོགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་བྱ་བའི་གནས་ཚུལ་སྐོར་ནས་རྫོང་ལྔ་པོར་ཞིབ་བཤེར་བྱས། ཞིབ་བཤེར་བྱས་པ་བརྒྱུད་ནས་ཁུལ་ཡོངས་ཀྱི་རྫོང་སོ་སོ་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་མིང་ཐོ་སྒྲིག་བ་དང་ཁུལ་ཡོངས་ཀྱི་འགྲེམ་སྟོན་བྱེད་སྒོའི་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པར་བྱེད་ཀྱིན་ཡོད་པ་དང་། མཚོ་ལྷོ་ཁུལ་གྱི“གཟུགས་འདས་ཤུལ་བཞག”སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཡོད་པ་ཤེས་རྟོགས་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།