དཔའ་རིས་ཡུལ་གྱི་བོད་སྐད་ཟབ་སྦྱོང་དང་དམངས་གླུ་རྒྱུན་འཛིན་སྦྱོང་བརྡར་འཛིན་གྲྭ་བསྡུ་བ།

རྩོམ་པ་པོ།:དབང་ཆེན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-30 09:29:00 ཀློག་གྲངས།:

དཔའ་རིས་ཡུལ་གྱི་སྐབས་ལྔ་པའི་བོད་སྐད་ཟབ་སྦྱོང་དང་དཔའ་རིས་དམངས་གླུ་རྒྱུན་འཛིན་སྦྱོང་བརྡར་ཟླ་བདུན་པའི་ནང་འཛིན་གྲྭ་འཛུགས་རྒྱུ་རེད།
བོད་ཡིག་གསལ་བྱེད་ཡི་གེ

         རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ཆེ་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་སྐད་ཡིག་སྦྱང་བའི་འདུན་པ་སྐོང་ཆེད་དང་། དཔའ་རིས་རིག་གནས་དར་སྤེལ་དང་ཕ་སྐད་རྒྱུན་འཛིན་བྱེད་པར་དམིགས་ནས་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་སློབ་གསོ་ཅུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ལ་མཉམ་འབྲེལ་སྒོས་ཟླ7པའི་ཚེས15ཉིན་ནས་སྤྱི་ཚོགས་ལ་ཁ་གཏད་དེ་སྐབས་ལྔ་པའི་བོད་སྐད་ཟབ་སྦྱོང་དང་དཔའ་རིས་དམངས་གླུ་རྒྱུན་འཛིན་ཟབ་སྦྱོང་འཛིན་གྲྭ་བསྡུ་རྒྱུ་རེད།
         ཐེངས་འདིའི་ཟབ་སྦྱོང་གི་ནང་དོན་ལ་ཀློག་དང་རྒྱུན་སྤྱོད་སྐད་ཆ། དམངས་གླུ་སྦྱོང་བ་སོགས་འདུས་པ་དང་། སློབ་ཁྲིད་ཀྱི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད9:00ནས11:30དང་། ཕྱི་དྲོའི་ཆུ་ཚོད14:30ནས17:00བར་རེད། སྤྲོ་བ་ཡོད་མཁན་ཚོ་ལས་རིགས་སློབ་གསོའི་ལྟེ་བར་མིང་ཐོ་འགོད་པར་ཡོང་རྒྱུ་དང་། མིང་ཐོ་འགོད་ཡུན་ཟླ7པའི་ཚེས10ཉིན་ནས་ཚེས15བར་ཡིན།
         ཐོ་འགོད་པའི་ཁ་པར3122334དང་ཡང་ན་ཨན་བསམ་གྲུབ15009443508ལ་འབྲེལ་གཏུགས་ཞུ་རོགས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།