རྗེས་ལུས་སློབ་མ་ཡར་རྒྱས་གཏོང་ཐབས་ཀྱི་བྱ་འགུལ་ཞིག་སྤེལ་བ།

རྩོམ་པ་པོ།:སྟག་རིག་འབྲུག་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-30 10:15:00 ཀློག་གྲངས།:

རྗེས་ལུས་སློབ་མ་ཡར་རྒྱས་གཏོང་ཐབས་ཀྱི་བྱ་འགུལ་ཞིག་སྤེལ་བ།
ལོ་རིམ་རེ་རེ་བྱས་ནས་ཚིག་གྲུབ་བཟོ་བའི་བྱ་འགུལ་གྱི་ཡུལ་དངོས།

         ན་ནིང་དོ་ཚིགས་ཀྱི་ལོ་འདི་འགའི་རིང་སློབ་གསོ་བཅོས་བསྒྱུར་གྱི་སྲིད་ཇུས་གསར་བ་ལག་བསྟར་བྱས་ནའང༌། སློབ་གྲྭ་གཅིག་སྡུད་བྱས་ནས་སློབ་གྲྭ་རེ་རེའི་འཛིན་གྲྭ་གཅིག་ལ་ཆེས་ཉུང་ནའང་སློབ་མ40ཡན་ཡོད་པས། སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་ཆུ་ཚད་གཏན་ཆགས་མིན་ལ། སློབ་མ་སོ་སོའི་སློབ་སྦྱོང་ལ་བར་ཁྱད་ཆེན་པོ་བྱུང་ཡོད་པས། སློབ་མ་དེ་རིགས་སློབ་སྦྱོང་གི་རྗེས་ཆོད་ཀྱིན་མེད་ལ། སློབ་སྦྱོང་གི་རྗེས་མ་ཆོད་ན། སློབ་སྦྱོང་ལ་སུན་སྣང་དང་བསླབ་ཁག་དེར་མི་དགའ་བར་གྱུར་ནས་མཇུག་མཐར་སློབ་མའི་མདུན་ལམ་ལའང་གནོད་པ་ཚབས་ཆེན་ཐེབས་ཡོད། རྐྱེན་དེའི་དབང་གིས་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བརྩོན་འགྲུས་གླིང་གི་འཛིན་གྲྭ28ཏེ་ཁྱོན་བསྡོམས་སློབ་མ1000ལྷག་གི་ཁྲོད་ནས་སློབ་སྦྱོང་ལ་རྗེས་སུ་ལུས་པའི་སློབ་མ3རེ་བདམས་ཏེ་བོད་ཡིག་དང་རྒྱ་ཡིག་གི་ཚིག་གྲུབ་བཟོ་བའི་བྱ་འགུལ་ཞིག་སྤེལ།

རྗེས་ལུས་སློབ་མ་ཡར་རྒྱས་གཏོང་ཐབས་ཀྱི་བྱ་འགུལ་ཞིག་སྤེལ་བ།
བློ་སེམས་གཅིག་ལ་སྒྲིམ་པའི་འགྲན་ཞུགས་བུ་མོ་ཆུང་ཆུང༌།

         ཉིན་དེའི་སྔ་དྲོའི་དུས་ཚོད་བེད་སྤྱད་དེ་སློབ་མ་ཡོངས་ལུས་རྩལ་ར་བ་ནས་གཅིག་བསྡུས་སྒོས་གོ་རིམ་ཡོད་པ་དང་འཆར་གཞི་ལེགས་པའི་སྒོ་ནས་དགེ་རྒན་རྣམས་ཀྱི་བཀོད་སྒྲིག་འོག   རང་རང་གི་ནུས་ཤུགས་ཡོད་ཚད་འདོན་པའི་གོ་སྐབས་ཤིག་སྤྲད་པ་རེད། ཚིག་གྲུབ་བཟོ་སྐབས་ཀྱང་ཡིག་འབྲུའི་མང་ཉུང་དང་ཚིག་གི་སྡེབ་ལེགས་མིན། ནང་དོན་ལྡན་མིན་བཅས་ལོ་རིམ་སོ་སོའི་མཐོ་དམའ་ལྟར་རེ་བ་གསལ་བོར་བཏོན་ནས་བྱ་འགུལ་བདེ་ལེགས་ངང་སྤེལ་ཅིང༌། སོ་སོའི་ཐུན་མོང་མ་ཡིན་པའི་བློ་གྲོས་དང་རང་སྟེང་གི་རྩལ་ཤུགས་ཁྲོད་དུ་སློབ་གྲོགས46ལ་ཨང་དང་པོའི་བྱ་དགའ་ཐོབ་ཅིང༌། སློབ་གྲོགས26ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ། སློབ་གྲོགས104ལ་ཨང་གསུམ་པའི་བྱ་དགའ་གནང་བ་རེད།

རྗེས་ལུས་སློབ་མ་ཡར་རྒྱས་གཏོང་ཐབས་ཀྱི་བྱ་འགུལ་ཞིག་སྤེལ་བ།
རེབ་འདིའི་བྱ་འགུལ་སྤྱི་སྡོམ་བྱས་ནས་རྟིང་སྐུལ་བྱ་དགའ་གནང་བ།

         རེབ་འདིའི་བྱ་འགུལ་བརྒྱུད། སློབ་གྲྭའི་དགེ་རྒན་རྣམས་ཉེ་དགའ་ཕྱོགས་ཞེན་མེད་པར་སློབ་མ་ཡོངས་ལ་ཁྱད་མེད་སྒོས་ཤ་ཚ་ཞིང་ལྷག་པར་སྦྱངས་འབྲས་ཞན་པའི་སློབ་མ་ཚོར་ཐུགས་ཁུར་དང་ཞེ་སེམས་ཐོགས་ཡོད་པ་མངོན་གསལ་སྒོས་མཚོན་ཡོད་སྟབས། གཅིག་ཏུ་ན་བྱ་དགའ་ཐོབ་པའི་སློབ་མ་དེའི་རིགས་ལ་སྔ་ན་མེད་པའི་སྐུལ་ལྕག་ཅིག་དང་སྒུལ་ཤུགས་གསར་བ་ཞིག་བསྣན་པ་དང༌། གཉིས་སུ་ན་རྗེས་ལུས་སློབ་མ་ཚང་མའི་སེམས་ཤུགས་མ་ཉམས་པར་སློབ་སྦྱོང་ལ་འབད་བརྩོན་བྱེད་འདོད་པའི་བློ་རྩེ་རྨ་མེད་པ་ཞིག་སྐྱེས་ཐུབ་པའི་ཆེད་ཡིན། དེར་བརྟེན། རྗེས་ལུས་སློབ་མ་སྐྱེད་སྲིང་བྱས་ཏེ་སྔོན་ཐོན་ཅན་དང་ཡར་རྒྱས་ཅན་གྱི་སློབ་མ་ཞིག་ཏུ་བསྒྱུར་ཐུར་པ་བྱུང་ན་ད་གཟོད་དགེ་རྒན་རྣམས་ཀྱི་དམིགས་ཡུལ་འགྲུབ་སོང་བ་ཡིན་པས། ཐེངས་འདིའི་ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭའི་བྱ་འགུལ་ཆུང་ངུ་འདི་བརྒྱུད་ནས་སྤུན་ཟླ་སློབ་གྲྭ་དང་ཐག་ཉེ་རིང་ན་ཡོད་པའི་ས་ཆ་སོ་སོའི་སློབ་གྲྭ་འབྲིང་ཆུང་དགེ་རྒན་དག་གིས་སྣེ་ཁྲིད་ནས་རྗེས་ལུས་སློབ་མ་གསོ་སྐྱོང་བྱས་ཏེ་ཕུལ་བྱུང་ཅན་དང་དཔེ་ལེགས་ཅན་གྱི་སློབ་མ་བཟང་བོ་ཞིག་ཏུ་བསྒྱུར་རྒྱུ་ནི་ནམ་ཡང་སེམས་ནས་འབོར་མི་ཉན་ཞིང་ལག་ལེན་ནས་བཏང་སྙོམས་སུ་འཇོག་མི་ཉན་པའི་གནད་དམ་པ་ཞིག་གོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།