མཚོ་སྔོན་རྒྱ་གྲམ་དམར་པོས་ནང་བསྟན་རིག་གནས་དང་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་བགྲོ་ཚོགས་བསྡུས་པ།
ཉེ་ལམ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ནང་བསྟན་རིག་གནས་སྐབས་གཉིས་པ་དང་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་བསྡུས་ཏེ་ནང་བསྟན་དང་སྨན་དཔྱད་ཀྱི་འབྲེལ་བ་དང་། དེའི་ཁྲོད་ཀྱི་བོད་ཀྱི་རིག་གནས་དང་དེང་རབས་སྨན་དཔྱད་ཀྱི་རིག་གནས་མཉམ་འདྲེས་གནད་དོན། ནང་བསྟན་རིག་གནས་ཀྱིས་དེང་རབས་གསོ་རིག་ལ་བསྩལ་བའི་བློ་བསྐྱེད་དེ་འཆི་ཁའི་སེམས་གསོ་སོགས་བསམ་གཞིགས་ཀྱི་གླེང་གཞི་རིམ་པ་ཁག་ལ་གྲོས་ཞིབ་བྱས་ཤིང་། དེང་རབས་གསོ་རིག་ལག་ལེན་ཐད་དུ་བོད་ཀྱི་རིག་གནས་དང་ཁྱད་པར་དུ་ནང་བསྟན་རིག་གནས་ཀྱི་དཔོག་ཏུ་མེད་པའི་ཐོན་ཁུངས་ལ་ཞིབ་འཇུག་དང་འདོན་སྤེལ་བྱ་རྒྱུ་དེ་ཡིན།
མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་དགོན་སྡེ་ཁག་གཅིག་གི་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་བགྲོ་གླེང་ཚོགས་འདུ་ལ་ཞུགས་ཤིང་། བགྲོ་གླེང་ཚོགས་འདུའི་སྟེང་ཚོགས་ཞུགས་པས་སྤྲོ་སེམས་འཁོལ་བའི་ངང་གཏམ་བཤད་སྤེལ། དེའི་ནང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་བློ་གསལ་རྒྱ་མཚོ་ལགས་ཀྱིས་《ནང་ཆོས་དང་དེང་རབས་གསོ་རིག་གི་འབྲེལ་བ་རགས་ཙམ་གླེང་བ》ཞེས་པའི་ཆེད་བརྗོད་དཔྱད་གཏམ་སྤེལ་པ་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་ཀྲེང་ཅེན་ཆིན་ལགས་ཀྱིས《ནང་ཆོས་དང་གསོ་རིག་གི་འབྲེལ་བར་ཐོག་མར་དཔྱད་པ》ཞེས་པའི་ཆེད་བརྗོད་དཔྱད་གཏམ་སྤེལ། སློབ་དཔོན་ཆེན་མོ་ཞའེ་ཙོ་ལགས་ཀྱིས《བོད་སྨན་ཀྱི་འཚོ་བའི་ཟས་ཀྱི་བཅོས་ཐབས》ཞེས་པའི་ཆེད་བརྗོད་དཔྱད་གཏམ་སྤེལ་པ་རེད། ཐེངས་འདིའི་འདུ་ཚོགས་ཀྱི་ནང་དོན་གཞན་ཞིག་སྟེ། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ད་དུང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དང་འབྲེལ་བཟང་མཉམ་ལས་ཀྱི་སྨན་ཁང་གི་གྲོས་འཆམ་བཞག་པ་དང་། སྐུ་འབུམ་དགོན་པས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་མཆོད་ཁང་ནང་ལྷ་སྐུ་ཕུལ་གནང་མཛད། ལས་རིགས་སོ་སོའི་ཚོགས་ཞུགས་པས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ནད་པའི་འཆམ་མཐུན་གྱི་བརྒྱུད་ལམ་གསར་བཏོད་དང་ཧུར་ཐག་གིས་འཆི་ཁའི་སེམས་གསོའི་སྡིངས་ཆའི“རིག་གནས་ཆེན་པོའི”འདུ་ཤེས་བསྐྲུན་པར་ཁས་ལེན་དང་བསྔགས་བརྗོད་མཛད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com