རྔ་བ་ཁུལ་ཆུ་ཆེན་རྫོང་དུ་ཕག་གྲུ་སྲིད་དབང་སྐབས་ཀྱི་ལྡེབས་རིས་ཤིག་རྙེད་པ།
ཆུ་ཆེན་རྫོང་དུ་ཕག་གྲུ་སྲིད་དབང་སྐབས་ཀྱི་རིག་དངོས་ཁག་ཅིག་རྙེད་པ།
ཆུ་ཆེན་རྫོང་དུ་ཕག་གྲུ་སྲིད་དབང་སྐབས་ཀྱི་རིག་དངོས་ཁག་ཅིག་རྙེད་པ།
ཆུ་ཆེན་རྫོང་དུ་ཕག་གྲུ་སྲིད་དབང་སྐབས་ཀྱི་རིག་དངོས་ཁག་ཅིག་རྙེད་པ།
2012ལོའི་ཟླ7པ་ནས་བཟུང་ཀྲུང་གོའི་ནང་བསྟན་གནའ་རྫས་རྟོག་དཔྱོད་པའམ་དགེ་རྒན་ཆེན་མོ་ཝུན་ཡེ་ཁྲིན་ལགས་སི་ཁྲོན་བོད་ཁུལ་དུ་ཕྱིན་ནས་རིག་གནས་གནའ་ཤུལ་རྟོག་ཞིབ་བྱེད་འགོ་བརྩམས་ཤིང་། ཁོང་གིས་ཆུ་ཆེན་རྫོང་མར་སྤང་ཡུལ་ཚོའི་དགོན་སྡེ་ཞིག་ཏུ་རྟོག་ཞིབ་བྱེད་དུས་བོན་བསྟན་གྱི་དམ་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་སྐུ་བརྙན་ཞིག་དང་དེ་ལས་གཞན་ཆོས་སྐྱོང་གི་སྐུ་བརྙན་འགའ་རྙེད་པ་རེད། དགེ་རྒན་ཆེན་མོ་ཝུན་ཡེ་ཁྲིན་གྱིས་བཤད་རྒྱུར། སྒྱུ་རྩལ་གྱི་རྣམ་པའི་སྟེང་ནས་བལྟས་ན་མིང་རྒྱལ་རབས་དུས་སྔོན(ཕག་གྲུ་སྲིད་དབང་སྐབས)གྱི་ལྡེབས་རིས་ཡིན་ཞེས་སྐད། ས་བར་ཀྱོ་ཡུལ་ཚོའི་བོན་དགོན་ཏུ་ལོ་འགའི་སྔོན་ལ་རྙེད་པའི་རྡོ་རིང་ཞིག་གི་སྟེང་དུ་སྔགས་ཡིག་ཚིག་ཕྲེང་གཉིས་བརྐོས་འདུག་ཅིང་། ཁོང་གི་བཞེད་པ་ལྟར་ན་ལེགས་སྦྱར་ཡིག་གམ་ཞང་ཞུང་ཡིག་ཡིན་ཞིང་དུས་རབས14ནས15བར་གྱི་རིག་དངོས་ཡིན་པར་འདོད། རྙིང་མ་བའི་དགོན་སྡེའི་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་ལྡེབས་རིས་ལས་ཆེས་སྔ་བ་ཕག་གྲུ་སྲིད་དབང་གི་དུས་མཇུག་གི་ཡིན་པར་བཤད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com