བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-11 11:54:00 ཀློག་གྲངས།:

བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ།
བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ།

          ཟླ7པའི་ཚེས10ཉིན།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་དེ་པེ་ཅིང་དུ་སྤེལ་ཞིང་།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འགོ་གཙོ་ཐེ་ཉིན་བགྲོ་གླེང་ཚོགས་འདུ་རུ་ཞུགས་ཏེ་གཏམ་བཤད་གནང་།


ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་འགོ་གཙོ་ཐེ་ཉིན་བགྲོ་གླེང་
ཚོགས་འདུ་རུ་ཞུགས་ཏེ་གཏམ་བཤད་གནང་།

          བོད་ཀྱི་རྩོམ་པ་པོས་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་ཉིང་བཅུད་བསྡུས་ཏེ་རང་རློམ་དང་ཁོག་རྒྱ་ཡངས་པོ་བསྐྱེད་དེ་སྤུན་ཟླའི་མི་རིགས་དང་འབྲེལ་འདྲིས་དང་།  འཛམ་གླིང་རྩོམ་རིག་ལ་གཏམ་གླེང་བྱེད་ཅིང་སྐྱེས་སྟོབས་ལྡན་པའི་སྒོ་ནས་བོད་རིགས་མི་དམངས་ཀྱིས་ཉམས་སུ་མྱངས་པའི་འགྱུར་བཅོས་དང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བྱམས་སྙིང་རྗེ་སྒོམ་པའི་མི་རིགས་ཀྱི་བློ་སྤོབས་བཅས་ཡོངས་སུ་མངོན་ཏེ་མཉམ་དུ་རྨི་ལམ་དང་རེ་སྙེག་འཚོལ་ཐབས་བྱས། ཁོང་ཚོའི་རྩོམ་རིག་གསར་རྩོམ་ལས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བགྲོད་ལམ་བཏོད་པ་རེད།


ན་གཞོན་རྩོམ་པ་པོ་རྣམས།

          ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་བགྲོ་གླེང་ཚོགས་འདུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཚོགས་འདུ་ཐེངས་ལྔ་བ་ཡིན་ཞིང་།  འདིར་ཚེ་རིང་ནོར་བུ་དང་། ཉི་མ་ཕན་ཐོགས། པདྨ་ལྷ་སྒྲོན། འཇམ་དབྱངས་ཚེ་རིང་། རྟ་མགྲིན།  གླིང་འབྱོར་སྣང་ས། སྐལ་བཟང་འཇིགས་མེད།  ཡན་དབྱིན་ཤུག་སོགས་བོད་ཀྱི་ན་གཞོན་རྩོམ་པ་པོ་བརྒྱད་ཀྱི་བརྩམས་ཆོས་ལ་བགྲོ་གླེང་མཛད་པ་དང་། ཚོགས་འདུར་ཞུགས་པའི་འབྲེལ་ཡོད་ཆེད་མཁས་པ་དང་ཤེས་ཡོན་པས་གཅིག་མཐུན་གྱིས་བསྟན་དོན། བོད་ཀྱི་རྩོམ་རིག་ལ་དུས་ཡུན་རིང་བོའི་ལོ་རྒྱུས་དང་ཕུལ་དུ་བྱུང་བའི་རྒྱུན་བཟང་བོ་ཡོད་པ་དང་། དེང་རབས་བོད་ཀྱི་རྩོམ་རིག་ནི་ཀྲུང་གོའི་ཁྱད་དུ་འཕགས་པའི་སྤྱི་ཚོགས་རིང་ལུགས་རྩོམ་རིག་ཁྲོད་ཆེས་གསོན་ཉམས་ལྡན་པའི་ལེའུ་བསྐྲུན་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།