ལྷ་སའི་གཞིས་རྙིང་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྲག་རྒྱུན་རྒྱུ་རུ་འཇུག་པ།
ལྷ་ས་གྲོང་ཁྱེར་བདེ་སྐྱིད་ལམ་དུ་ཡོད་པའི་ཡབ་གཞིས་ཕུན་ཁང་གཞིས་རྙིང་།
ཡབ་གཞིས་ཕུན་ཁང་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཁས་གྲུབ་རྒྱ་མཚོ་མཆོག་སྤྲུལ་སྐུ་རུ་ངོས་བཟུང་རྗེས། ཁོང་གི་ཡབ་ཚེ་དབང་དོན་གྲུབ་ལགས་ཀྱིས་སྨི་གྲུ་བཞི་མ2000ལྷག་ཡོད་པའི་སྒེར་གཞིས་འདི་བཞེངས་པ་ཡིན་ཞིང་། དེའི་རྗེས་ཀྱི་ལོ་ངོ170ལྷག་གི་རིང་དུ་གཞིས་བདག་ཐེངས་མང་པོར་བརྗེས་པ་རེད། ཕྱིས་སུ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཞིག་གསོ་བྱས་རྗེས་ད་ལྟ་གསོལ་མགྲོན་ཁང་ཆེན་མོ་ཞིག་ཏུ་བྱས་འདུག
ཡབ་གཞིས་ཕུན་ཁང་དང་མཚུངས་པར་བོད་ཀྱི་དམག་སྤྱི་ཚ་རོང་གི་སྒེར་གཞིས་དེ་རྗེས་སུ་བོད་ལྗོངས་ཀྱི་ཚོང་བ་ཆེན་མོ་སྤོམ་མདའ་ཚང་ལ་བཙོངས་པ་དང་། དེའི་རྗེས་མགྲོན་ཁང་དུ་སྤྱད་པ་རེད།
བོད་ལྗོངས་སློབ་ཆེན་བཟོ་བཀོད་སྡེ་ཁག་གི་མཐོ་རིམ་བཟོ་རིག་པ་བ་ཟླ་བ་ཚེ་རིང་ལགས་ཀྱིས་བཤད་རྒྱུར། གཞིས་རྙིང་འདི་དག་ཚོང་ལས་ཕྱོགས་སུ་སྤྱོད་པ་དེས་དཔལ་འབྱོར་གོང་སྤེལ་དང་ལས་ཞུགས་སྐུལ་འདེད་སོགས་ལ་དགེ་མཚན་ཆེན་མོ་ལྡན་མོད་ཀྱང་། རིག་གནས་ཐོན་ཁུངས་འདི་དག་འདོན་སྤེལ་བྱེད་པར་གཅིག་གྱུར་གྱི་འཆར་བཀོད་དང་། འབྲེལ་ཡོད་བཅའ་ཁྲིམས་ཀྱིས་ཚོད་འཛིན་བྱེད་དགོས་ཤིང་། དེའི་མཚུངས་སུ་སྡོད་དམངས་ཁག་ཅིག་འཚོ་སྡོད་བྱེད་དུ་འཇུག་དགོས་ཏེ། གཞིས་རྙིང་འདི་དག་རྟེན་མཛོད་ཁང་ངམ་ཡང་ན་ཁང་སྟོང་དུ་བྱས་མི་རུང་ལ། ཚོང་ལས་ཀྱི་ཤུགས་ཇེ་དྲག་ཏུ་ཡང་གཏོང་མི་རུང་བར་བོད་ལྗོངས་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྲག་རྒྱུན་རྒྱུ་རུ་འཇུག་དགོས་ཞེས་བརྗོད་པ་རེད།
བོད་ལྗོངས་སུ་སྤོམ་མདའ་ཚང་དང་ཡབ་གཞིས་ཕུན་ཁང་སོགས་གཞིས་རྙིང56ཡོད་ཅིང་། དེ་དག་ལས་ལ་ལ་མགྲོན་ཁང་དང་གསོལ་ཁང་སོགས་ཚོང་ལས་སུ་གཉེར་བཞིན་ཡོད་པ་དང་། ལ་ལ་སྡོད་ཁང་དུ་བྱེད་པ། ལ་ལ་མྱུར་དུ་སྲུང་སྐྱོབ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་གཞིས་རྙིང56ཡོངས་ལྷ་ས་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་རེ་ཞུ་བྱས་པ་དང་། དེའི་ཁྲོད་སྤོམ་མདའ་ཚང་དང་ཁྲོམ་གཟིགས་སྒང་སོགས་གཞིས་རྙིང7ལ་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་རེ་ཞུ་བྱེད་གྲབས་ཡོད་པ་རེད།
སྤོམ་མདའ་ཚང་གི་གཞིས་རྙིང་།
གཟིམ་ཤག་བཤད་སྒྲ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com