ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ཁྲི་ཀ་བཅའ་སྡོད་སློབ་གྲྭས་མཚོ་ལྷོའི་མི་རིགས་སློབ་གྲྭ་དག་ལས་ཨང་དང་པོའི་མཚན་སྙན་བླངས།
ཁྲི་ཀ་བཅའ་སྡོད་སློབ་གྲྭས་མཚོ་ལྷོའི་མི་རིགས་སློབ་གྲྭ་དག་ལས་ཨང་དང་པོའི་མཚན་སྙན་བླངས།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-07-16 09:14:00
ཀློག་གྲངས།:
ཏང་དང་རྒྱལ་ཁབ་ཀྱི་ཡང་དག་གི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་བླ་མེད་ཀྱི་རྒྱབ་སྐྱོར། སློབ་གྲྭའི་དགེ་སློབ་ཚང་མའི་གཅིག་སྒྲིལ་གྱི་འབད་བརྩོན་འོག་ཏུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་མཚོ་ལྷོ་ཁུལ་གྱི“སློབ་གསོའི་སྤུས་ཚད་མཐོར་འདེགས་ལོ”འགག་རྩར་བཟུང་ཞིང༌། སློབ་གསོའི་བྱ་བ་དཀྱིལ་སྙིང་ལ་བཅངས་ཏེ“སྔོན་སྦྱོང་རྗེས་ཁྲིད། ཉུང་འཆད་མང་སྦྱོང༌། ལག་ལེན་དངོས་འབེབས”ཀྱི་ཚད་མཐོའི་སློབ་ཐུན་མ་དཔེར་འཛིན་པ་ཁྱབ་བརྡལ་དུ་བཏང་ནས་མཐུན་སྒྲིལ་ཡར་ཐོན་དང་དངོས་ཐོག་བདེན་འཚོལ་གྱི་དགོངས་དོན་གཞིར་བཟུང་སྟེ་ལས་དོན་སོ་སོའི་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་པས། རྒྱ་ཆེ་བའི་ཡུལ་མི་སྤུན་ཟླ་རྣམ་པར་འཕྲིན་བཟང་འདི་བསྒྲགས་པ་ཡིན།
གཅིག སློབ་གསོའི་སྤུས་ཚད་མཐོར་འདེགས་ལོའི་བྱ་འགུལ་ཁྲོད་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་སློབ་ཁྲིད་རྒྱུན་སྲོལ་དོ་དམ་ལག་བསྟར་མཛད་དེ་སློབ་གསོའི་སྤུས་ཚད་ཀྱི་ཐབས་ལམ་གསར་བ་དང་བགྲོད་ལམ་གསར་བ། བྱེད་སྟངས་གསར་བ་བཅས་ལ་འཚོལ་ཞིབ་བྱས་ནས་སློབ་ཁྲིད་རྒྱུན་སྲོལ་དོ་དམ་གྱི་སྐས་རིམ་གསར་བ་ཞིག་ལ་སླེབས་པ་དང༌། སློབ་གསོའི་སྤུས་ཚད་ཐད་ཡར་རྒྱས་མངོན་གསལ་བྱུང་བ། སློབ་ཁྲིད་གྲུབ་འབྲས་ལ་ཐོལ་བརྒལ་གསར་བ་བྱུང་བ་རེད། དེ་བས་སློབ་གསོའི་སྤུས་ཚད་མཐོར་འདེགས་ལོའི་དཔྱད་བསྡུར་བྱ་འགུལ་ཁྲོད་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གྲུབ་འབྲས་འབུར་ཐོན་ཞིག་བླངས་པའི་རྐྱེན་གྱིས། མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གྲྭ་ཡོངས་ནས་ཨང་དང་པོའི་མཚན་སྙན་བླངས།
གཉིས། 2012ལོའི་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་འབྲིང་རྒྱུགས་སློབ་མ311གི་སྣ་འཛོམས་རྒྱུགས་འབྲས་མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གྲྭ་ཡོངས་ནས་ཨང་དང་པོར་ཟིན།
གསུམ། འབྲིང་རྒྱུགས་རྒྱུགས་གཞིའི་བསླབ་ཁག་ཁྲོད། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་རྒྱའི་སྐད་ཡིག་དང་དབྱིན་ཡིག དངོས་ལུགས། ཆབ་སྲིད། ལོ་རྒྱུས་བཅས་ཀྱི་ཆ་སྙོམས་རྒྱུགས་འབྲས་མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གྲྭ་ཡོངས་ནས་ཨང་དང་པོར་ཟིན་པ་དང༌། རྫས་འགྱུར་ཨང་རིམ་གཉིས་པར་ཟིན།
བཞི། མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གྲྭ་ཡོངས་ཀྱི་སྣ་འཛོམས་རྒྱུགས་འབྲས་ཨང་དང་པོ་ནས་ཨང་བརྒྱའི་བར་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་མ28ཚུད་ཡོད།
ལྔ། མཚོ་ལྷོ་ཁུལ་གྱི་མི་རིགས་སློབ་གྲྭ་ཡོངས་ནས་རྒྱུགས་འབྲས་ཀྱི་སྤྱི་སྐར500ཡན་ལོངས་པའི་སློབ་མ65ཁྲོད་དུ། ངེད་སློབ་གྲྭའི་སློབ་མ21ཚུད་ཡོད།
རྒྱུགས་འབྲས་ཡོད་ཚད་འདས་སོང་ལ་གཏོགས་ཤིང༌། རྗེས་མུར་སློབ་གྲྭ་འདིས་ད་ལོར་བླངས་པའི་གྲུབ་འབྲས་གཞིར་བཟུང་སྟེ། དུས་བསྟུན་མདུན་སྐྱོད་དང་འཚོལ་ཞིབ་གསར་འབྱེད་ཀྱི་དམིགས་ཚད་རྒྱུན་འཁྱོངས་ཡོང་བར་དགེ་རྒན་རྣམ་པ་ཆེད་ལས་ཅན་དུ་བསྒྱུར་བ་ལ་ཧུར་བརྩོན་དང༌། མུ་མཐུད་དུ་སློབ་གསོའི་དོ་དམ་གྱི་ཆུ་ཚད་མཐོར་འདེགས་བཏང་ནས། སློབ་ཁྲིད་ཀྱི་སྤུས་ཚད་དམ་འཛིན་བྱས་ཏེ་སློབ་གསོའི་ནང་སྙིང་འཕེལ་ལམ་ལ་སྙེག་ཆེད་མཚོ་ལྷོ་ཁུལ་གྱི་སློབ་གསོའི་བྱ་བ་ལ་ཤུགས་སྣོན་རྒྱག་རྒྱུར་འབད་བརྩོན་ཧུར་ལེན་བྱ་རྒྱུ་ཡིན་ནོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།