མཚོ་ལྷོ་བོད་སྨན་ཁང་དུ་རྩ་སྦྱོང་སྨན་བཅོས་ཀྱི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-17 09:09:00 ཀློག་གྲངས།:

那曲地区著名藏医专家旦松扎巴
གསོ་རིག་ཆེད་མཁས་པ་བསྟན་སྲུང་གྲགས་པ་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།

  ཟླ7པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་བོད་ལུགས་གསོ་རིག་ཆེད་མཁས་པ་གྲགས་ཅན་བསྟན་སྲུང་གྲགས་པ་ལགས་ཆེད་དུ་གདན་འདྲེན་ཞུས་ནས་ཉིན་དྲུག་རིང་དུ་བོད་ལུགས་གསོ་བ་རིག་པའི་སྨན་བཅོས་བྱེད་ཐབས་ལས་རྩ་སྦྱོང་གི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ་རེད། མཚོ་ལྷོ་བོད་སྨན་ཁང་གི་ཆེད་ལས་ལག་རྩལ་པ་དང་། ཞིན་ཅང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་ནུབ། རྨ་ལྷོ། མགོ་ལོག  ཡུལ་ཤུལ་སོགས་ཀྱི་བོད་སྨན་ཁང་གི་སྨན་པ80ལྷག་ཟབ་སྦྱོང་ལ་ཞུགས་པ་རེད།
  བོད་ལུགས་གསོ་རིག་ཆེད་མཁས་པ་བསྟན་སྲུང་གྲགས་པ་ལགས་ནི་གསོ་རིག་གཞུང་ལུགས་ལ་ནང་བྱན་ཆུད་ཅིང་སྨན་དཔྱད་ལག་རྩལ་ཁྱད་དུ་འཕགས་པར་མ་ཟད། ལྷག་པར་དུ་བོད་ལུགས་གསོ་རིག་གི་རྩ་སྦྱོང་བཅོས་ཐབས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་མངའ། ཐེངས་འདིའི་ཟབ་སྦྱོང་སྟེང་ཁོང་གིས་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ནས་རྩ་སྦྱོང་གི་གཞུང་ལུགས་ཤེས་བྱ་སློབ་ཁྲིད་བྱས་ཤིང་། དེའི་ཞོར་དུ་དྲེག་ནད་དང་། མཆིན་ནད། རུས་ནད་སོགས་ཀྱི་ནད་ཡོད་པའི་ནད་པ14ལ་རྩ་སྦྱོང་བཅོས་ཐབས་ཀྱིས་སྨན་བཅོས་བྱས་པ་དང་མཉམ་དུ། སློབ་མ་རྣམས་ལ་རྩ་སྦྱོང་མ་བརྒྱབ་པའི་སྔོན་གྱི་གྲ་སྒྲིག་དང་། བཅོས་ཐབས་དཔྱད་སྡུར། ལག་ལེན་དངོས་སུ་འཇུག་པ། སྨན་རྫས་སྡེབ་སྦྱོར། རྩ་སྦྱོང་བརྒྱབ་རྗེས་ཀྱི་གསོ་ཐབས་སོགས་ཞིབ་རྒྱས་ངང་མཛུབ་སྟོན་གནང་བ་རེད།


སྨན་པ་བསྟན་སྲུང་གྲགས་པ་ལགས་ཀྱིས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

ཟབ་སྦྱོང་བྱེད་བཞིན་པའི་ཡུལ་དངོས།

  ཐེངས་འདིའི་ཟབ་སྦྱོང་གིས་མཚོ་ལྷོ་ཁུལ་ཕྱི་ནང་གི་སྨན་དཔྱད་པ་རྣམས་ཀྱི་རྩ་སྦྱོང་གི་གཞུང་ལུགས་ཤེས་བྱ་གཏིང་ཟབ་ཏུ་གཏོང་བ་དང་། ནད་ཐོག་སྨན་བཅོས་ཀྱི་ལག་རྩལ་མཐོར་འདེགས་སུ་གཏོང་བ་སོགས་ལ་ནུས་པ་མངོན་སུམ་ཐོན་པས་སྨན་ཁང་དེ་གའི་གསོ་རིག་ལས་དོན་མགྱོགས་མྱུར་སྒོས་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།