ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > 2012ལོའི་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་དང་ལག་རྩལ་ཟབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།
2012ལོའི་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་དང་ལག་རྩལ་ཟབ་སྦྱོང་བགྲོ་གླེང་ཚོགས་འདུ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-07-19 09:38:00
ཀློག་གྲངས།:
ཟླ7པའི་ཚེས15ཉིན་ནས་ཚེས16ཉིན། 2012ལོའི་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་རིག་གཞུང་བགྲོ་གླེང་དང་ལག་རྩལ་ཟབ་སྦྱོང་བགྲོ་གླེང་ཚོགས་འདུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བསྡུས་པ་རེད། ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། བོད་ཁམས་ཡོངས་ཀྱི་བོད་ཀྱི་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྣམས་ཚོགས་འདུར་ཞུགས་པ་རེད།
ཐེངས་འདིའི་ཚོགས་འདུའི་སྟེང་བོད་ལུགས་གསོ་རིག་གི་རྨང་གཞིའི་གཞུང་ལུགས་དང་རྒྱུན་འཛིན། བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་དཔྱད་འབྲས་དང་ཆེད་ཚན་གཙོ་བོའི་འཛུགས་སྐྲུན། བོད་ལུགས་གསོ་རིག་གི་ཐུན་མིན་གྱི་སྨན་བཅོས་ལག་རྩལ་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན། བོད་ལུགས་གསོ་རིག་དང་མཐོ་སྒང་གི་རྒྱུན་འབྱུང་ནད་རིགས་ཀྱི་ཞིབ་འཇུག བོད་ལུགས་གསོ་རིག་གི་སྨན་རྫས་འདེབས་འཛུགས་དང་ཐོན་ཁུངས་སྲུང་སྐྱོབ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་གྱི་འདུལ་ཐབས་བཟོ་རྩལ་ཞིབ་འཇུག་སོགས་ཀྱི་ཐད་ལ་བགྲོ་གླེང་དང་རྩད་སྡུར་རྒྱ་ཆེན་པོ་བྱས་པ་རེད།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཚེ་སྒྲུབ་ལགས་ཀྱིས་བཤད་རྒྱུར། ཀན་ལྷོ་ཁུལ་གྱིས་བོད་ལུགས་གསོ་རིག་དེ་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཤིག་ཏུ་བཟུང་ནས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་བཀོད་བྱས་པས་མངོན་སུམ་གྱི་འཕེལ་རྒྱས་བྱུང་བ་སྟེ། རིལ་དཀར་དང་གཡུ་རྙིང་ཉེར་ལྔ། མུ་ཏིག་ཉེར་ལྔ། བྱུ་དམར་ཉེར་ལྔ་བཅས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྨན་རྫས་སུ་བདམས་པ་དང་། སྨན་སྣ9རྒྱལ་ཁབ་ཀྱི་རྩ་བའི་སྨན་རྫས་དཀར་ཆག་ཏུ་བཀོད། ཐོན་རྫས་རིགས11ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཨང་རྟགས་ཐོབ། དེ་མིན《བོད་ལུགས་གསོ་རིག་དང་སྐར་རྩིས་ཚིག་མཛོད》དང《བོད་སྨན་གྱི་སྤྱིན་ཐུམ་འདོན་སྤེལ་དང་སྡེབ་སྦྱོར》སོགས་ཞིང་ཆེན་རིམ་པའི་དཔྱད་གཞི་ཁག10ལེགས་འགྲུབ་བྱུང་ཞིང་། ཁུལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆུ་ཚད་མངོན་སུམ་གྱིས་མཐོར་འདེགས་བྱུང་བས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཐད་ནུས་པ་གལ་ཆེན་ཐོན་ཞེས་བརྗོད་པ་རེད།
བོད་ལུགས་གསོ་རིག་ཆེད་མཁས་པ་ཏིང་འཛིན་ལགས་དང་ཚུལ་ཁྲིམས་ལགས་ཀྱིས་ཚོགས་འདུའི་སྟེང་ཆེད་དོན་འཆད་ཁྲིད་གནང་བར་མ་ཟད། ཚོགས་ཞུགས་ཆེད་མཁས་པ་རྣམས་ཀྱིས་མང་ཚོགས་ལ་རིན་མི་ལེན་པར་བརྟག་དཔྱད་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།