《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》འགྲེམ་སྤེལ་བྱེད་ལ་ཉེ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-19 10:41:00 ཀློག་གྲངས།:
  ཟླ7པའི་ཚེས17ཉིན། 《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ཞེས་པར་ཆེས་མཐའ་འཇུག་གི་ཞིབ་བཤེར་ལྟ་ཀློག་གནང་བ་རེད། 《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ནི2004ལོ་ནས་ཇུས་འགོད་བྱས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཅིན་ཧྭ་དཔེ་སྐྲུན་ཁང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་དུ་བསྐྲུན་པ་རེད།
  《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ནི་ཀྲུང་གོའི་མི་རིགས་རང་སྐྱོང་ལྗོངས་སྲིད་གཞུང་སྡོད་གནས་ངོ་སྤྲོད་བྱེད་པའི་ཀུན་འདུས་དཔེ་དེབ་ཐོག་མ་ཡིན་ཅིང་། བོད་ལྗོངས་ཀྱི་ས་གནས་མུ་འབྲེལ་ཀུན་འདུས་དཔེ་དེབ་ཁྲོད་ཀྱི་ཁག་ཅིག་ཀྱང་ཡིན་པ་རེད། དཔེ་དེབ་འདིའི་རྒྱུ་ཆ་ནི་གཙོ་བོ《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ》དང་། 《ལྷ་སའི་གནས་བཤད》། དེ་མིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་དག་ཡིན།
  མཚམས་སྦྱོར་བྱས་པ་ལྟར་ན《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ཡི་རྩོམ་སྒྲིག་བྱ་བ་ནི2004ལོ་ནས་ཇུས་འགོད་བྱེད་འགོ་བརྩམས་ཤིང་། སྔ་གཞུག་ཏུ་ཐེངས་ལྔ་ལ་ཞུ་དག་བྱས། རྩོམ་སྒྲིག་པུས་ལྷ་ས་ཐད་ཀྱི་མ་ཡིག་ཞུ་དག་གི་བསམ་འཆར་བཏོན་པའི་རྨང་གཞིའི་ཐོག  དཔེ་དེབ་ཡོངས་ཀྱི་མི་མིང་དང་ས་མིང་སོགས་ལ་གཅིག་གྱུར་བྱས་པ་རེད།
  《བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི》ཡི་ནང་དོན་ལ་ལོ་རྒྱུས་དང་། རང་བྱུང་ས་རྒྱུས། ས་མིང་སོ་སོ།  སྲིད་གཞུང་སྤྱི་ཚོགས། དཔལ་འབྱོར། ཚན་སློབ་རིག་སོགས། རིག་དངོས་གནའ་ཤུལ་གྲགས་ཅན། ཕྱོགས་བསྡུས་བཅས་ཁག་བརྒྱད་དུ་དགར་འདུག 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།