རྒྱལ་ཕྱིའི་རིག་དངོས་བརྒྱ་ལྷག་ཕྱིར་བོད་ལྗོངས་སུ་འབྱོར་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-24 11:18:00 ཀློག་གྲངས།:

已经在西藏博物馆布展完毕的佛教造像
བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་བཀྲམ་པའི་ལྷ་སྐུ་ཆེན་མོ།

  ཟླ7པའི་ཚེས23ཉིན། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་མཆོག་ཏུ་གྱུར་བའི་བོད་ལྗོངས་ཀྱི་རིག་དངོས101ཀུན་གྱི་མཐོང་ལམ་དུ་བཀྲམ་འདུག་ཅིང་། དེ་དག་ནི་སྔ་མར་རྒྱལ་ཕྱི་རུ་ཤོར་ནས་བགྲང་བྱ་མང་པོ་འདས་པ་དང་། ད་ལྟ་ཕྱིར་རང་ཡུལ་དུ་འབྱོར་པ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན་རིག་དངོས101ལས་གསེར་ཟངས་ལས་གྲུབ་པའི་ལྷ་སྐུ39དང་། ཆོས་ཀྱི་ཡོ་ཆས39། ཡོབ་ཆེན་དང་ཆང་རྐྱན་སོགས་འཚོ་བའི་མཁོ་ཆས་འདུས་པ་རེད། འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན་རིག་དངོས་འདི་དག་ནི་གཙོ་བོ་དབྱིན་ཇི་དང་། ཨ་རི། རྒྱ་གར་སོགས་ནས་འཁྱེར་ཡོང་བ་ཡིན་ལ། དེ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་སྐུ་ཞིག་ཡོད་པ་དེ་ནི་སྔོན་མ་རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་དཔུང་གིས་པེ་ཅིང་བཙན་བཟུང་བྱེད་པའི་དུས་སུ་རྒྱལ་ཕྱི་རུ་ཤོར་བ་དང་། ཡང་འཇམ་པའི་དབྱངས་ཀྱི་ལྷ་སྐུ་ཞིག་ཡོད་པ་དེ་ནི་ལོ108གྱི་སྔོན་དུ་རྒྱལ་རྩེ་དམག་འཁྲུག་སྐབས་སུ་རྒྱལ་ཕྱི་རུ་ཤོར་བ་རེད།
  རིག་དངོས་དེ་དག་གི་ཁྲོད་མཐོ་ཚད་ལ་ལི་སྨི14ཡོད་པའི་ཤཱཀྱ་མུ་ནེ་ཀྱི་ལྷ་སྐུ་ཞིག་ཡོད་པ་དེ་ནི་དུས་རབས་ལྔ་བར་བཞེངས་པ་ཞིག་ཡིན་པ་དང་། དེ་ལ་འཕགས་བོད་གཉིས་ཀྱི་ཁྱད་ཆོས་ལྡན་ཞིང་། བགྲང་བྱ་སྟོང་ཕྲག་དུ་མ་འདས་ཀྱང་ད་དུང་སྔོན་མ་ལྟར་བསྡུ་ཉར་ལེགས་པོ་བྱས་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།