“གེ་སར་སྒྱུ་རྩལ་པའི་ཁྱིམ་གཞིས”ཞེས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས་པ།
ཟངས་ནག་ལས་བཞེངས་པའི་གེ་སར་སྐུ་བརྙན།
ཟླ7པའི་ཚེས22ཉིན། ཡུལ་ཤུལ་གྱི《གེ་སར》དམངས་ཁྲོད་སྒྱུ་རྩལ་པ་གསལ་འབྱེད་དམ“ཡུལ་ཤུལ་ས་ཁུལ་གྱི《གེ་སར》སྒྱུ་རྩལ་པའི་ཁྱིམ་གཞིས”ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་རྩྭ་ཐང་དུ་བསྡུས་ཤིང་། འབྲེལ་ཡོད་ཀྱི་འགོ་ཁྲིད་དང《གེ་སར》ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་པ་རྣམས་མཛད་སྒོའི་སྟེང་ཞུགས་པ་རེད།
སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་གསལ་འབྱེད་བྱས་པའི《གེ་སར》སྒྱུ་རྩལ་པ་རྣམས་ལ་གསལ་འབྱེད་དཔང་ཡིག་གནང་བ་རེད།
འབྲེལ་ཡོད་འགོ་ཁྲིད་ཀྱིས་བཤད་རྒྱུར། རིག་གནས་བཅོས་སྒྱུར་གོང་སྤེལ་གྱི་བྱེད་ཕྱོགས་གཙོ་བོ་དང་སྲིད་ཇུས་བྱེད་ཐབས་སོགས་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་འཕེལ་རྒྱས་དང་། ལྷག་པར་དུ《གེ་སར》རིག་གནས་མྱུར་སྐྱོབ་དང་ཞིབ་འཇུག་བྱ་བར་གོ་སྐབས་ལེགས་པོ་ཞིག་བསྐྲུན་པས། ང་ཚོས་ཞིབ་འཇུག་གི་ཁ་ཕྱོགས་ཡང་དག་པ་བཟུང་ནས་ཞིབ་འཇུག་གི་གྲུབ་འབྲས་ཚར་དུ་དངར་བ་ལེན་དགོས་པ་དང་མཉམ་དུ། ཞིབ་འཇུག་གྲུབ་འབྲས་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་གི་མི་དེ་ལས་མང་པོ་ཞིག་ལ་རིན་ཐང་གཞལ་ཡས་པའི་ཤུལ་བཞག་རིག་གནས་འདིར་རྒྱུས་ལོན་དང་སྤྲོ་སེམས་བསྐྱེད་དུ་འཇུག་དགོས་ཞེས་བརྗོད་པ་རེད།
སྒོ་བྱང་འགེལ་བའི་མཛད་སྒོ་ལ་ཞུགས་པའི་ལས་རིགས་སོ་སོའི་མི་སྣས་གསུང་བཤད་གལ་ཆེན་གནང་ཞིང་། 《གེ་སར》གྱི་དམངས་ཁྲོད་སྒྱུ་རྩལ་པའི་གསལ་འབྱེད་དང་། ཡུལ་ཤུལ་ས་ཁུལ་གྱི《གེ་སར》སྒྱུ་རྩལ་པའི་ཁྱིམ་གཞིས་སྒོ་བྱང་བཀལ་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག 《གེ་སར》བྱུང་བརྗོད་སྙན་ངག་གི་ལས་ཀ་ཁག་སོ་སོ་ལེགས་པོར་བསྒྲུབ་ནས《གེ་སར》རིག་གནས་དར་སྤེལ་དུ་གཏོང་བར་གྲོས་བཏོན་འཆར་འབུལ་གནང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com