མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁྲི་ཀ་ནས་བསྡུ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-07-25 11:29:00 ཀློག་གྲངས།:
  ཉེ་བའི་ལོ་ནང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱབ་སྐྱོར་འོག་མཚོ་ལྷོ་ཁུལ་གྱི་ཤུལ་བཞག་རིག་གནས་བྱ་བར་གྲུབ་འབྲས་མངོན་སུམ་བླངས་ཤིང་། ལ་གཞས་དང་། སྒྲ་སྙན་རྡུང་ལེན། མགུར་དབྱངས། སྲང་གཞུག་རྩེད་རིག་བཅས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་རུ་བདམས་པ་དང་། མང་རྫོང་གཙགས་དྲུབས་སོགས་ལས་གཞི7ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་བདམས་པ་རེད། མིག་སྔར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ1དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ4ཡོད་པ་རེད།
  ཟླ8པའི་ཚེས8ཉིན་ནས་ཚེས10ཉིན་བར་དུ། “རྒྱུན་འཛིན་དང་། སྲུང་སྐྱོབ། དར་སྤེལ”བཅས་བརྗོད་གཞིར་བྱས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་འགྲེམ་སྟོན་དེ་ལོ་རེར་ཐེངས་གཅིག་སྤེལ་བཞིན་པའི་ཁྲི་ཀའི་དྲུག་པའི་ལྷ་རྩེད་དང་དུས་གཅིག་ཏུ་ཁྲི་ཀའི་ཆུ་ཟོན་འཁོར་ལོ་ཐང་ཆེན་དུ་བསྡུ་རྒྱུ་རེད།
  མིག་སྔའི་བར་དུ་ཁུལ་ཡོངས་སུ་རྩིས་བཤེར་བྱས་ནས་གསེར་ཆེན་རྫོང་གི་བོད་གྱི་གཉེན་སྟོན་དང་། ཟོར་རྒྱལ་གྱོན་ཆས། འབའ་རྫོང་གི་གླིང་བྲོ། ཁྲི་ཀའི་དམངས་ཁྲོད་ཞབས་བྲོ། རྩེད་རིག གསེར་ཆེན་རྫོང་གི་བོད་ཀྱི་ཟློས་གར་ཏེ《དྲི་མེད་ཀུན་ལྡན》སོགས་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི144ལེགས་སྒྲིག་བྱས་ཡོད་ཅིང་། འགྲེམ་སྟོན་ལས་གཞི་ཡོངས་གཏེན་ཁེལ་བྱས་རྗེས་ཁུལ་ཡོངས་སུ་ལོ་རྒྱུས་དང་། སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱ་ཆེའི་ལྟད་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།