ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > བོད་ལྗོངས་སུ་མིག་ལོང་བྱིས་པའི་དཔེ་མཛོད་ཁང་ཐོག་མ་བཙུགས་པ།
བོད་ལྗོངས་སུ་མིག་ལོང་བྱིས་པའི་དཔེ་མཛོད་ཁང་ཐོག་མ་བཙུགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-07-30 09:55:00
ཀློག་གྲངས།:
ཉེ་སྔོན་ཉི་མ་མེ་ཏོག་སྤྱི་ཕན་བྱ་འགུལ་འཐུས་ཚབ་ཚོགས་པས་བོད་ལྗོངས་ཀྱི་མིག་ལོང་བྱིས་པའི་དཔེ་མཛོད་ཁང་ལ་ཞལ་འདེབས་ཕུལ་བའི་མཛད་སྒོ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པད་གཞུང་ཡུལ་ཚོ་ནས་བསྡུས་པ་རེད།
མཚམས་སྦྱོར་བྱས་པ་ལྟར་ན་ཉི་མ་མེ་ཏོག་བྱ་འགུལ་ལས་གཞི་ནི2008ལོར་བསྐྲུན་པ་ཡིན་ཅིང་། དང་བླངས་པ་རྣམས་རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཡོང་བའི་ལོ16དང17ཡས་མས་ཀྱི་མཐོ་འབྲིང་སློབ་མ་དག་ཡིན། ལས་གཞི་འདིའི་དམིགས་ཡུལ་ནི་ཡུལ་མཐའི་བྱིས་པ་རྣམས་བདེ་བླག་ངང་འཚར་ལོངས་འབྱུང་བར་ཐུགས་ཁུར་དང་རོགས་སྐྱོར་བྱེད་པ་དང་། སྒོས་སུ་བོད་ལྗོངས་ཀྱི་མིག་ལོང་བྱིས་པ་རྣམས་ལ་སྤྱི་ཚོགས་ཀྱི་བརྩི་བཀུར་གནང་བར་སྐུལ་བ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན་ཉི་མ་མེ་ཏོག་སྤྱི་ཕན་ཚོགས་པས་ལོ་ཕྱེད་རིང་དུ་ཡུལ་སོ་སོའི་དང་བླངས་པ་རྣམས་རྩ་འཛུགས་བྱས་ཏེ་ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱ་འགུལ་ལ་གྲ་སྒྲིག་བྱས་པ་སྟེ། ཁོང་ཚོས་རྒྱལ་ནང་གི་གྲོང་ཁྱེར་སོ་སོའི་མིག་ལོང་དཔེ་ཁང་ལ་འབྲེལ་བ་བྱས་ནས་གསོ་རིག་དང་། ཚན་རྩལ། བྱིས་སྒྲུང་། སློབ་དེབ། རོལ་རྩེད་སོགས་མིག་ལོང་བྱིས་པའི་ཀློག་དེབ་སྟོང་ལྷག་བསྡུས་ཤིང་། འདི་ནི་བོད་ལྗོངས་ཀྱི་མིག་ལོང་བྱིས་པའི་དཔེ་མཛོད་ཁང་ཐོག་མ་ཡིན་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།