གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་དུ་གཏོང་བའི་ལས་གཞིས་བོད་ལྗོངས་ཀྱི་མི་རིགས་རིག་གནས་ཁྱབ་སྒྲོག་བྱེད་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-07 09:55:00 ཀློག་གྲངས།:

数字图书馆推广工程西藏培训班开班
གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་གཏོང་བའི་ལས་གཞིའི་བོད་ལྗོངས་ས་ཁུལ་གྱི་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་ལྷ་ས་བསྡུས་པ།

  ཟླ8པའི་ཚེས6ཉིན། གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་གཏོང་བའི་ལས་གཞིའི་བོད་ལྗོངས་ས་ཁུལ་གྱི་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་ལྷ་ས་བསྡུས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭས་བོད་ལྗོངས་ཀྱི་གྲངས་འཛིན་དཔེ་མཛོད་ཁང་གི་འཛུགས་སྐྲུན་གནས་ཚུལ་དང་གོང་སྤེལ་མཁོ་འདོད་དང་འབྲེལ་ནས་སྤེལ་བའི་ཆེད་ལས་རང་བཞིན་གྱི་གསོ་སྦྱོང་ཞིག་ཡིན།
  གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་དུ་གཏོང་བའི་ལས་གཞིའི་སྤྱིའི་དམིགས་འབེན་ནི་རྒྱལ་ཁབ་གྲངས་འཛིན་དཔེ་མཛོད་ཁང་ལས་གཞི་དང་ས་གནས་སོ་སོའི་དཔེ་མཛོད་ཁང་འཛུགས་སྐྲུན་ཐད་བླངས་པའི་གྲུབ་འབྲས་གཞི་བྱས་ཐོག  དཔེ་མཛོད་ཁང་སོ་སོ་དང་ས་གནས་སོ་སོར་བསྐྲུན་ཟིན་པའི་གྲངས་འཛིན་དཔེ་མཛོད་ཁང་མ་ལག་གཅིག་ཏུ་སྦྲེལ་ནས་ཐོན་ཁུངས་མཉམ་སྤྱོད་ཀྱི་གཅིག་གྱུར་སྟེགས་བུ་ཞིག་བསྐྲུན་པར་བརྒྱུད། རྒྱལ་ཁབ་དཔེ་མཛོད་ཁང་ལྟེ་བར་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་རིམ་པའི་དཔེ་མཛོད་ཁང་ས་ཚིགས་སུ་བྱས་པའི་རྒྱལ་ཡོངས་ཀྱི་གྲངས་འཛིན་དཔེ་མཛོད་ཁང་ལ་ཁྱབ་པའི་ཞབས་ཞུ་མ་ལག་ཅིག་གྲུབ་མཐར། སྤྱི་དམངས་ལ་ཁྱད་འཕགས་རང་བཞིན་དང་། སྣ་མང་རང་བཞིན། སྨྱན་བྱད་ཡོངས་ཀྱི་གྲངས་འཛིན་དཔེ་མཛོད་ཁང་ཞབས་ཞུ་འདོན་སྤྲོད་བྱེད་པ་ཡིན་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གྲངས་འཛིན་དཔེ་མཛོད་ཁང་གི་ནུས་པ་ཆེས་ཆེར་འདོན་སྤེལ་བྱེད་པ་ཡིན།
ཟབ་སྦྱོང་བརྒྱུད་ནས་བོད་ལྗོངས་སུ་ཆེད་ལས་སྤྱིའི་དོ་དམ་ནུས་པ་དང་། ཆེན་ལས་ཤེས་བྱ། དངོས་གནས་ཀྱི་ལག་རྩལ་བཅས་འཛོམས་པའི་ཆེད་ལས་ཤེས་ལྡན་པའི་དཔུང་སྡེ་ཞིག་བསྐྲུན་ཏེ་བོད་ལྗོངས་ཀྱི་གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་ལས་གཞི་ལ་སྐུལ་འདེད་དང་ཁག་ཐེག་བྱེད་པ་ཡིན། དེའི་མཚུངས་སུ་བོད་ལྗོངས་གྲངས་འཛིན་དཔེ་མཛོད་ཁང་གི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱས་ཏེ་བོད་ལྗོངས་དཔེ་མཛོད་ཁང་གྲངས་འཛིན་ཐོན་ཁུངས་འཛུགས་སྐྲུན་དེ་རྒྱལ་ཡོངས་དང་འཛམ་གླིང་དུ་བགྲོད་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཁྱབ་བསྒྲགས་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།