པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་ཚོགས《གྲོང་ཁྱེར་གྱི་འཚོ་བ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-22 10:01:00 ཀློག་གྲངས།:

万玛才旦《城市生活》
པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་ཚོགས《གྲོང་ཁྱེར་གྱི་འཚོ་བ》ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་སྔོན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་སྒྲུང་ཚོགས《གྲོང་ཁྱེར་གྱི་འཚོ་བ》ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། སྒྲུང་ཚོགས་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་བོད་ཡིག་གི་སྒྲུང་ཚོགས་ཁག་གཉིས་པ་ཡིན། ཁོང་གི་བོད་ཡིག་གི་སྒྲུང་ཚོགས་ཁག་དང་པོ《བསླུ་བྲིད》ཞེས་པ་དེ་དུས་རབས་ཉེར་གཅིག་པའི་བོད་རིགས་རྩོམ་པ་པོའི་དཔེ་ཚོགས་སུ་བདམས་པ་དང་། 2009ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།
  སྒྲུང་ཚོགས་འདི་ནི་འཚོ་བ་དངོས་ལས་བྱུང་ཞིང་ཐུན་མིན་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྒྲུང་འབྲིང་དང་སྒྲུང་ཐུང་བཅུ་ལྷག་འདུས་པའི་སྒྲུང་རྩོམ་ཞིག་ཡིན།
  འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་གསར་རྩོམ་བྱེད་པའི་ཞོར་དུ་རྩོམ་རིག་གསར་རྩོམ་རྒྱུན་འཁྱོངས་བྱེད་བཞིན་ཡོད་ལ། མིག་སྔའི་བར་དུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་རྩོམ་དང་འགྱུར་རྩོམ་དེབ་དྲུག་པར་བསྐྲུན་འགྲེམ་སྤེལ་བྱས་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།