བོད་ཀྱི་རྩོམ་པ་པོ་ལྔའི་བརྩམས་ཆོས་ལ་རྟ་མཆོག་བྱ་དགའ་ཐོབ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-23 14:27:00 ཀློག་གྲངས།:

  ཟླ8པའི་ཚེས16ཉིན།  སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའི་དཔྱད་འདེམ་ཨུ་ཡོན་ལྷན་ཚོགས་ཀྱིས་སྐབས་བཅུ་བའི(2008-2011ལོ)རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། བྱ་དགའ་ཐོབ་པའི་བརྩམས་ཆོས25དང་། ལོ་ཙཱའི་བྱ་དགའ་ཐོབ་མཁན་མི4། དེ་མིན་བོད་ཀྱི་རྩོམ་པ་པོ་ལྔའི་བརྩམས་ཆོས་ལ་སོ་སོར་སྣ་མི་འདྲ་བའི་བྱ་དགའ་ཐོབ།
  དེ་ལས་རྟ་མགྲིན་གྱི《ཁམས་པ》ཞེས་པར་སྒྲུང་རིང་བྱ་དགའ་དང་།  བཀྲ་བྷའི《ཁེར་རྐྱང་གི་རླུང་བུ》(བོད་ཡིག)ལ་སྒྲུང་འབྲིང་བྱ་དགའ། ཕུན་ཚོགས་བཀྲ་ཤིས་ཀྱི《བོད་ལྗོངས་ཀྱི་གནའ་སྲོལ》(བོད་ཡིག)ཞེས་པར་ལྷུག་རྩོམ་བྱ་དགའ། ནོར་བུ་ཚེ་རིང་གི《བོད་ཀྱི་བྱིས་པ》ཞེས་པར་སྙན་ཞུའི་རྩོམ་རིག་བྱ་དགའ། ཚའོ་ཡུག་ཡུན་གྱི《དུས་ཀྱི་མེ་ཏོག》ཅེས་པར་སྙན་ངག་བྱ་དགའ་བཅས་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།