བོད་ཀྱི་གསོ་རིག་རྒྱུན་འཛིན་ལ་རབ་འབྱམས་པ་དང་འབུམ་རམས་པའི་ཡོན་གནས་གནང་བ།
ཟླ8པའི་ཚེས26ཉིན། བོད་རང་སྐྱོང་ལྗོངས་ཐོག་དང་པོའི་བོད་ཀྱི་གསོ་རིག་དགེ་རྒྱུན་ནད་ཐོག་གསོ་རིག་ཆེད་ལས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་ལྷ་ས་རུ་བསྡུས་ཤིང་། བུ་ཆུང་ཚེ་རིང་སོགས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་པ3ལ་འབུམ་རམས་པའི་ཡོན་གནས་དང་། པད་གཡང་སོགས་རྒྱུན་འཛིན་པ5ལ་རབ་འབྱམས་པའི་ཡོན་གནས་གནང་ལ། འདི་ནི་བཅིང་བཀྲོལ་རྗེས་སུ་བོད་ཀྱི་གསོ་རིག་རིགས་གཞུང་ཉམས་མྱོང་དང་ལག་རྩལ་རྒྱུན་འཛིན་ཐད་བླངས་པའི་ཆེས་མཐོའི་ཡོན་གནས་སུ་གྱུར།
རྒྱུས་ལོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་སུ་ད་ལྟའི་བར་བསྡོམས་པས་རྒྱུན་འཛིན་པ48ཀྱིས་བདེ་བླག་ངང་དགེ་རྒྱུན་གྱི་ཐོབ་ཐང་བླངས་ལ། སྐབས་སྔོན་མ་གསུམ་གྱི་སློབ་མ་དག་ནི་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་སྐྱེད་སྲིང་བྱས་པ་མ་ཟད་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་པའི་དགེ་རྒན་ཐོབ་ཐང་དཔང་ཡིག་བླངས། ཐེངས་འདིའི་སྐབས་བཞི་བའི་སློབ་མ་རྣམས་ནི་ཐོག་དང་པོར་ངོས་ལེན་གྱི་ཡོན་གནས་ཐོབ་པའི་རྒྱུན་འཛིན་པ་ཡིན།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com