བཀྲ་བྷའི་སྒྲུང་འབྲིང《འཚུབ་མ་ཁེར་རྐྱང》ལ་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ།

རྩོམ་པ་པོ།:ལྷ་མོ་བཀྲ་ཤིས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-08-31 08:32:00 ཀློག་གྲངས།:

བཀྲ་བྷའི་སྒྲུང་འབྲིང《འཚུབ་མ་ཁེར་རྐྱང》ལ་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ།
བཀྲ་བྷའི་སྒྲུང་འབྲིང《འཚུབ་མ་ཁེར་རྐྱང》ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་
མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ།

         ཟླ8པའི་ཚེས16ཉིན་གྱི་སྔ་དྲོར། སྐབས་བཅུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའི་དཔྱད་འདེམས་ཚོགས་པས་སྐབས་བཅུ་བའི(2008-2011)རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་གསལ་བསྒྲགས་བྱས་ཤིང་།  དེར་རྩོམ་རིག་བརྩམས་ཆོས25དང་ལོ་ཙྭ་བ4བཅས་བདམས་ཐོན་བྱུང་། དེའི་ཁྲོད་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བཀྲ་བྷའི་སྒྲུང་འབྲིང《འཚུབ་མ་ཁེར་རྐྱང》ལ་སྒྲུང་འབྲིང་གི་བྱ་དགའ་ཐོབ།
         བཀྲ་བྷས་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར་ནས་ལོ་མང་ཕྱིན་ཞིང་།   སྔ་རྗེས་སུ་སྒྲུང་གཏམ་གཙོ་བྱས་པའི་སྙན་ངག་དང་། ལྷུག་རྩོམ།  དཔྱད་རྩོམ་བཅས100ལྷག་དུས་དེབ་དང་ཚགས་པར་སོགས་སུ་བཀོད་པ་མ་ཟད།  《 སྒྲོལ་མ་ཉེར་གཅིག》དང་།《འཚུབ་མ་ཁེར་རྐྱང》 《 སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》  《རྩོམ་པ་ལ་འཇུག་པའི་སྒོ 》 《གསར་འགྱུར་ལ་འཇུག་པའི་སྒོ》སོགས་པར་དུ་བསྐྲུན།    
         ཁོའི་སྒྲུང་འབྲིང《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ལ་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ན་གཞོན་རྩོམ་རིག་གི་བྱ་དགའ་ཐོབ་ཅིང་།   སྒྲུང་འབྲིང《 སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》ལ་སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་ཐོབ།  སྒྲུང་འབྲིང《ནས》ལ་སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་གི་བྱ་དགའ་ཐོབ།
         《འཚུབ་མ་ཁེར་རྐྱང》ནི་བཀྲ་བྷའི་སྒྲུང་འབྲིང་ཕྱོགས་སྒྲིགས་ཀྱི་དེབ་ཅིག་ཡིན་ལ། དེའི་ཁྲོད་དུ་སྒྲུང་འབྲིང《 སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》དང་། 《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》《འཚུབ་མ་ཁེར་རྐྱང》 《ལམ》བཅས་བསྡུས་ཡོད་ཅིང་།   སྒྲུང་གཏམ་འདི་དག་ནི་རྩོམ་པ་པོས་ཉེ་བའི་ལོ་ངོ་འགའི་རིང་དུ་གསར་རྩོམ་མཛད་པའི་སྒྲུང་གཏམ་ལེགས་ཤོས་འགའ་ཡིན་པས།   སྔ་རྗེས་སུ《སྦྲང་ཆར》སོགས་སུ་བཀོད་པ་ནས་བཟུང་ཀློག་མཁན་དག་གི་གདེང་འཇོག་དང་དགའ་བསུ་ལེགས་པོ་ཐོབ་མྱོང་། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།