ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ད་ལོའི་སྟོན་ཁའི་སློབ་མགོ་ཚུགས་པ་ནས་བཟུང་བོད་ལྗོངས་སུ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་མངོན་འགྱུར་བྱེད་པ།
ད་ལོའི་སྟོན་ཁའི་སློབ་མགོ་ཚུགས་པ་ནས་བཟུང་བོད་ལྗོངས་སུ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་མངོན་འགྱུར་བྱེད་པ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2012-09-05 09:54:00
ཀློག་གྲངས།:
བོད་རང་སྐྱོང་ལྗོངས་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་སྟོན་ཁའི་སློབ་མགོ་ཚུགས་པ་ནས་བཟུང་བོད་ལྗོངས་སུ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་མངོན་འགྱུར་བྱེད་རྒྱུ་ཡིན་ཏེ། སློབ་སྔོན་སློབ་གསོ་ལོ3དང་། སློབ་ཆུང་སློབ་གསོ་ལོ6། དམའ་འབྲིང་སློབ་གསོ་ལོ3དང་མཐོ་འབྲིང་སློབ་གསོ་ལོ3བཅས་བསྡོམས་པས་ལོ15ཡི་རིན་མེད་སློབ་གསོ་མངོན་འགྱུར་བྱེད་པ་རེད། བོད་རང་སྐྱོང་ལྗོངས་སུ་སྤྱི་བཙུགས་སློབ་གྲྭར་ཞུགས་པའི་སློབ་མས་སྲིད་ཇུས་འདི་སྤྱོད་ཆོག་པ་དང་། དམངས་བཙུགས་དང་ཡང་ན་སྡེ་ཁག་གཞན་གྱིས་བཙུགས་པའི་སློབ་གྲྭར་ཞུགས་པའི་སློབ་མས་ཀྱང་འདྲ་མཉམ་གྱི་ནོར་སྲིད་རོགས་དངུལ་སྤྱོད་ཆོག་པ་ཡིན།
རྒྱུས་ལོན་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས1985ལོ་ནས་བཟུང་རོང་འབྲོག་བྱིས་པ་རྣམས་ལ་རིན་མེད་འོས་འགན་སློབ་གསོ་སྤེལ་བའི་རྨང་གཞིའི་སྟེང་སྡོད་ཁང་དང་བཟའ་བཏུང་། སློབ་ཡོན་བཅས་ཀྱང་རིན་མི་དགོས་པར་བྱས་ཤིང་། མཁར་གྲོང་དབུལ་ཕོངས་སློབ་མར་ཚད་གཞི་འདྲ་མཉམ་གྱི་རོགས་དངུལ་དང་ནོར་སྲིད་ཁ་གཟབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་བཏོན། 2007ལོ་ནས་བཟུང་བོད་ལྗོངས་ཀྱིས་རྒྱལ་ཡོངས་སུ་ཐོག་མར་རིན་མེད་ཀྱི་མཁར་གྲོང་འོས་འགན་སློབ་གསོ་སྤེལ། 2011ལོ་ནས་བཟུང་བོད་ལྗོངས་ཀྱིས་རོང་འབྲོག་ས་ཁུལ་གྱི་སློབ་སྔོན་སློབ་གསོར་རིན་མེད་སློབ་གསོའི་སྲིད་ཇུས་བཏོན། དེ་མིན་ལོ་དེའི་སྟོན་ཁར་བོད་ལྗོངས་མཐོ་འབྲིང་སློབ་གསོར(འབྲིང་རིམ་ལས་རིགས་སློབ་གསོའང་འདུས)ཕྱོགས་ཡོངས་ནས་རིན་མེད་སློབ་གསོའི་སྲིད་ཇུས་སྤེལ་བ་རེད།
ད་ལོའི་སྟོན་ཁའི་སློབ་མགོ་ཚུགས་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་མཁར་གྲོང་སློབ་སྔོན་སློབ་གསོར་རིན་མེད་ཀྱི་སྲིད་ཇུས་བཏོན་པ་དང་། དེར་མཁར་གྲོང་བྱིས་སྐྱོང་ཁང(དམངས་བཙུགས་དང་ཡང་ན་སྡེ་ཁག་གཞན་གྱིས་བཙུགས་པའི་བྱིས་སྐྱོང་ཁང་འདུས)དུ་སྐྱེལ་བའི་བྱིས་པ་སོ་སོར་ལོ་རེའི་རིན་མེད་ཚད་གཞི་སྒོར3600ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།