མཁྱེན་བརྩེ་འོད་སྣང་བུམ་པ་རྟགས་ཅན་གྱི་སློབ་རའི་ཨ་རྩེད་འགྲན་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-08 10:41:00 ཀློག་གྲངས།:

མཁྱེན་བརྩེ་འོད་སྣང་བུམ་པ་རྟགས་ཅན་གྱི་སློབ་རའི་ཨ་རྩེད་འགྲན་ཚོགས།
འགྲན་བསྡུར་ཡུལ་དངོས།


གླུ་ལེན་བཞིན་པའི་ཨ་མ་རྒན་མོ།

         ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་གཙོ་སྒྲུབ་དང་། མཁྱེན་བརྩེ་འོད་སྣང་བོད་ཁུལ་རྒྱུན་རིང་རང་བཞིན་གྱི་རིག་གནས་འཕེལ་རྒྱས་བྱ་བའི་གཞུང་ལས་ཁང་གིས་རོགས་སྒྲུབ། མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་ཐེབས་རྩ་ཚོགས་པས་ཞལ་འདེབས་རོགས་སྒྲུབ་གནང་བའི་མཁྱེན་བརྩེ་འོད་སྣང་བུམ་པ་རྟགས་ཅན་གྱི་སློབ་རའི་ཨ་རྩེད་འགྲན་ཚོགས་དེ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་རའི་ཐང་ཆེན་དུ་སྤེལ་ཞིང་། སློབ་གྲྭའི་འཛིན་གྲྭ32ཀྱི་སློབ་མ་རྣམས་ཐེངས་འདིའི་འགྲན་ཚོགས་སུ་ཞུགས། སློབ་གཙོ་རིན་ཆེན་དོན་གྲུབ་ཀྱིས་ཐོག་མར་མགོ་རྩོམ་གཏམ་བཤད་གནང་།


ཨ་རྩེད་འཁྲབ་སྟོན་བྱེད་པའི་ཚུལ།

         འགྲན་བསྡུར་ཁྲོད་འཛིན་གྲྭ་སོ་སོའི་འཁྲབ་སྟོན་ལས་སྒྱུ་རྩལ་གྱི་ཆ་མངོན་པར་དོད་ཅིང་སྲོལ་རྒྱུན་གྱི་མཚོན་ཐབས་རྣམ་པ་རུ་དངོས་ཡོད་ཀྱི་ནང་དོན་རབ་ཏུ་སྦྱར་ཏེ་འབྲིང་རིམ་སློབ་མའི་གསར་སྐྱེས་ཀྱི་ཁ་དབུགས་དྲག་པོ་བསྐྱེད་ཅིང་། དེའི་མཚུངས་སུ་ཤེས་བྱའི་དྲི་བ་དྲིས་ལན་གང་མང་བཏོན་ཏེ་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལ་གསོན་ཤུགས་རྒྱས་པ་དང་ཡུལ་དངོས་ཀྱི་མི་རྣམས་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་དོད་ཅིང་དངོས་ཡོད་ཀྱི་དོན་སྙིང་ཆེས་ཆེར་ལྡན་པའི་མི་རིགས་ཀྱི་སྒྱུ་རྩལ་གསོལ་སྟོན་ཞིག་བཤམས་པར་བརྟེན།  དཔྱད་འདེམས་ཨུ་ཡོན་དང་དགེ་རྒན། དེ་མོན་སློབ་མ་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ། འདི་ནི་སློབ་མ་རྣམས་ཀྱིས་སློབ་གསེང་གི་དུས་ཚོད་བེད་སྤྱད་དེ་སྦྱོང་བརྡར་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་དང་། སློབ་རའི་རིག་གནས་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཙོ་བོར་ངེས།
         ཛ་དྲག་གི་འགྲན་བསྡུར་བརྒྱུད། མཐར་བྱ་དགའ་ཨང་དང་པོ3དང་། ཨང་གཉིས་པ4། ཨང་གསུམ་པ6། དེ་མིན་ཕུལ་བྱུང་མི་སྒེར་འཁྲབ་སྟོན་བྱ་དགའ35བཅས་གནང་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།