མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྔར་ལས་བཀྲག་མདངས་རྒྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-10 10:20:00 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་ལ་གཞས་འགྲན་སྡུར་སྐབས་བཞི་བའི་ཡུལ་དངོས།

  ད་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུས་སྒྲིག་གཞི་དང་ནང་རྐྱེན་ཐེ་ཚང་དང་། སྲུང་སྐྱོབ་དང་འདོན་སྤེལ་མཉམ་འཛིན། ཁུལ་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཛིན་སྤེལ་ལ་སྐུལ་འདེད་ཆེན་པོ་བྱས་ཏེ་རིག་གནས་ཁུལ་གྲགས་ཅན་འཛུགས་སྐྲུན་བྱེད་པར་རྨང་བརྟན་མོ་ཞིག་བཏིངས་པ་རེད།
  དཔུང་སྡེའི་སློབ་སྦྱོང་དང་ཟབ་སྦྱོང་གི་ཡུན་ཕན་ནང་རྐྱེན་ཐེ་ཚང་དུ་བཏང་ནས་དུས་རབས་གསར་བའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་གཞག་གི་འཕེལ་རྒྱས་དང་མཐུན་འཇུག་གི་དཔུང་སྡེ་སྐྱེད་སྲིང་བྱས་པ་སྟེ། མིག་སྔའི་བར་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས《སྲང་གཞུག་རྩེད་རིག》དང་། 《བོད་ཀྱི་མགུར་དབྱངས》སོགས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཐེངས་བཅུ་གཅིག་དང་མི305ལ་ཟབ་སྦྱོང་བྱས་པས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཛིན་སྤེལ་ཐད་མི་སྣ་འཇོན་ཐང་ཅན་གྱི་རྒྱབ་རྟེན་བརྟན་པོ་ཞིག་འདོན་སྤྲོད་བྱས།

同德县唐谷镇首届弹唱比赛.
འབའ་རྫོང་ཐང་མགོ་གྲོང་རྡལ་གྱི་རྡུང་ལེན་འགྲན་སྡུར་ཐོག་མ།

ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་ཤལ་བཞག་རིག་གནས་ཀྱི་འཁྲབ་སྟོན་ཁྲོད་ཞུགས་པ།

  ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་དམངས་ཁྲོད་རིག་གནས་གནས་ཚུལ་ལ་རྒྱུས་ལོན་བྱེད་ཆེད་མི་སྣ་རྩ་འཛུགས་བྱས་ཏེ་གྲོང་སྡེ་སོ་སོར་ཕྱིན་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་རྒྱུན་འཛིན་པར་རྩིས་བཤེར་ཞིབ་མོ་བྱས་ཐོག  གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མིང་ཐོའི་མ་ལག་བཙུགས་པར་མ་ཟད། དམངས་ཁྲོད་རིག་གནས་དང་། དམངས་སྲོལ་རིག་གནས། དམངས་ཁྲོད་བྲོ་གཞས་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མྱུར་སྐྱོབ་དང་འདོན་སྤེལ་ལ་ཤུགས་བསྣན་པ་རེད།


མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་མགུར་དབྱངས་རྒྱུན་འཛིན་དང་ཟབ་སྦྱོང་འཛིན་གྲྭ་ཐོག་མ།

བྲག་དཀར་རྫོང་གིས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་བོད་ཀྱི་མགུར་དབྱངས་རྒྱུན་འཛིན་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།