རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག་ལས་རིགས་ཀྱི་ཟབ་སྦྱོང་འཛིན་གྲྭ
རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག་
ལས་རིགས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁྲིན་ཏུའུ་རུ་ཚོགས་པ།
ཟླ10པའི་ཚེས12ཉིན། རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག་ལས་རིགས་ཀྱི་ཟབ་སྦྱོང་འཛིན་གྲྭ་དེ་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས་པ་དང་། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བདེ་ཆེན་བཅས་ནས་ཡོང་བའི་ཚོགས་ཞུགས་མི་སྣ70ལྷག་ཡོད།
ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ནི་བོད་ཁུལ་གྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རྩོམ་སྒྲིག་ལས་ཀ་འཐུས་ཚང་དང་། རྩོམ་སྒྲིག་པ་དང་གསར་འགོད་པ། བརྙན་ལེན་པ་དང་སྒྲིག་སྦྱོར་བ་བཅས་ཀྱི་དཔུང་ཁག་ཇེ་བརྟན་དུ་གཏོང་བའི་ཆེད་ཡིན་ལ། ཚོགས་ཡུན་ཉིན7ཡིན་པ་དང་། འཆད་ཁྲིད་དགེ་རྒན་ལ་གསར་འགྱུར་ལས་རིགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒྱལ་ཁབ་རིམ་པའི་གསར་འགོད་པ་དང་ཆེད་མཁས་པ་སོགས་གདན་ཞུ་བྱས་ནས་རང་རང་གི་ཉམས་མྱོང་དང་སྦྲགས་ཏེ་རྒྱང་སྒྲོག་བརྙན་འཕྲིན་འཐུས་ཚང་དུ་གཏོང་བའི་ཕྱོགས་ནས་འཆད་ཁྲིད་གང་ལེགས་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com