རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གིས་ན་གཞོན་དགེ་རྒན་གྱི་དཔྱད་གླེང་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:ཀྱེ་ཕུར་མཆོག་གསུམ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-15 11:32:00 ཀློག་གྲངས།:

རྨ་ཆུ་རྫོང་བོད་སློབ་འབྲིང་གིས་ན་གཞོན་དགེ་རྒན་གྱི་དཔྱད་གླེང་འགྲན་བསྡུར
བྱ་དགའ་ཨང་དང་པོ་ཐོབ་པའི་དགེ་རྒན། 

         ཟླ10ཚེས12ཉིན། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་བསླབ་གཞི་གསར་བའི་བཅོས་བསྒྱུར་དང་ཁྲིད་ཐབས་གསར་བའི་ཁ་ཕྱོགས་གཞི་རྩར་བཟུང་སྟེ་ན་གཞོན་དགེ་རྒན་གྱི་ནུས་པ་འདོན་སྤེལ་དང་ཡོན་ཚད་ཕྱིར་བསྒྲོགས། ཉམས་མྱོང་བསྡུ་ལེན་དང་རང་ཉིད་ཀྱི་འཇོན་ཐང་རྩལ་དུ་སྤྲུགས་ཏེ་དུས་རབས་ཀྱི་ལས་འགན་དང་དུ་བླངས་ཤིང་དགེ་རྒན་གྱི་དཔུང་སྡེ་སྲ་བརྟན་དུ་གཏོང་བ་བཅས་ལ་དམིགས་ནས་སྐབས་གཉིས་པའི་དཔྱད་གླེང་འགྲན་བསྡུར་འདི་སྤེལ་བ་རེད།

རྨ་ཆུ་རྫོང་བོད་སློབ་འབྲིང་གིས་ན་གཞོན་དགེ་རྒན་གྱི་དཔྱད་གླེང་འགྲན་བསྡུར
བྱ་དགའ་ཨང་གཉིས་པ་ཐོབ་པའི་དགེ་རྒན། 

         འགྲན་ཞུགས་པ་རེ་རེའི་ཐུན་མིན་གྱི་དཔྱད་གླེང་དང་ཐུན་མིན་གྱི་སྙིང་སྟོབས། ཐུན་མིན་གྱི་ཉམས་མྱོང་དང་ཐུན་མིན་གྱི་ཁ་ཕྱོགས་བཅས་ཀྱིས་ཉན་མཁན་མང་པོ་ཞིག་གི་ཡིད་དབང་འཕྲོག་ལ། ན་གཞོན་དགེ་རྒན་གྱི་དུས་རབས་དང་མཐུན་པའི་བསམ་བློ་དང་སྤོབས་པ་ལ་སློབ་གྲྭའི་འགོ་ཁྲིད་དག་གིས་ཁས་ལེན་ཐོབ་ཅིང་ཐེངས་སྔོན་མ་ལས་ལྡབ་འགྱུར་གྱིས་འཕགས་འདུག་ཅེས་བསྔགས་བརྗོད་ཡང་ཡང་བྱས་སོང་།

རྨ་ཆུ་རྫོང་བོད་སློབ་འབྲིང་གིས་ན་གཞོན་དགེ་རྒན་གྱི་དཔྱད་གླེང་འགྲན་བསྡུར
བྱ་དགའ་ཨང་གསུམ་པ་ཐོབ་པའི་དགེ་རྒན་རྣམས།

         ཐེངས་འདིའི་འགྲན་བསྡུར་ལ་ལོ་འདི་འགར་གསར་དུ་ལས་གནས་སུ་ཞུགས་པའི་བསླབ་ཚན་དང་ཆེད་ལས་མི་གཅིག་པའི་ན་གཞོན་དགེ་རྒན21ཞུགས་ཡོད་ལ། ཁོ་ཚོའི་གཅིག་ལས་གཅིག་ལྷག་གི་དཔྱད་གླེང་གི་གོ་རིམ་བརྒྱུད་དེ་མཐར་མཐོ་འབྲིང་རིམ་པའི་རྒྱ་ཡིག་དགེ་རྒན་བུན་ཧྥ་ཡན་ལ་བྱ་དགའ་ཨང་དང་པོ་དང་། དམའ་གསུམ་རིམ་པའི་ཆབ་སྲིད་དགེ་རྒན་གུ་རུ་ཚེ་རིང་དང་བོད་ཡིག་དགེ་རྒན་མགོན་པོ་རིན་ཆེན་གཉིས་ལ་བྱ་དགའ་ཨང་གཉིས་པ། གཞན་ཡང་དམའ་གཅིག་དང་དམའ་གཉིས་ཀྱི་བོད་ཡིག་དགེ་རྒན་འཕགས་པ་ཚེ་རིང་དང་རྩིས་རིག་དགེ་རྒན་བློ་བཟང་བཀྲ་ཤིས་བཅས་གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། 
         འགྲན་བསྡུར་འདི་ལས་ངེད་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་གསར་བའི་དཔུང་སྡེ་ཡི་ཟུར་ཞིག་མཐོང་ཐུབ་ལ་ཡང་ན་མྱི་ཁ་དང་འཕྱ་སྨོད་ཀྱི་རླུང་ཁར་གཡོ་བའི་བཤད་ཡམས་ལྡོམ་པོ་དེར་བདག་པོ་གཞན་ཞིག་འབྱུང་ཡང་སྲིད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།