མགོ་ལོག་པའི་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།

རྩོམ་པ་པོ།:འཇིགས་བྱེད་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-16 09:20:00 ཀློག་གྲངས།:

མགོ་ལོག་པའི་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།
མགོ་ལོག་པའི་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།

         རྨི་ལམ་གང་མང་གི་ཁྲོད་ནས་རྙེད་པའི་སྒེར་གཉེར་དྲ་ཚུགས་ཏེ་མགོ་ལོག་པའི་དྲ་བ་ཞེས་པ་དངོས་སུ་དྲ་ལམ་དུ་ཤར་གཏོང་བྱས་ཡོད།  དེ་ནི་ལེ་ཚན་ཁ་ཤས་ཀྱིས་གྲུབ་པའི་དྲ་བ་ཆུང་ཆུང་ཞིག་སྟེ།  བོད་པ་ཡོངས་ཀྱི་ཐུན་མོང་གི་གར་སྟེགས་ཤིག་ཡིན། 
         ལེ་ཚན་གྱི་རྣམ་པ་ལ།   ནང་ཆོས་དང་སློབ་གསོ།  དུང་བརྗོད་དང་གསར་འགྱུར།  རང་རྩོམ་དང་དགག་སྒྲུབ་སོགས་ནི་ནང་དོན་གྱི་ཆ་ནས་ལེ་ཚན་དུ་དགར་བ་ཡིན་ལ།  རྣམ་པ་ཚོར་ལེ་ཚན་དེ་དག་དང་མཐུན་པའི་རྩོམ་ཡིག་ཡོད་ན་བསྐུར་ཆོག  གཞན་ཡང་ཆེད་སྒྲིག་ལེ་ཚན་གྱི་ནང་དུ་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་སྐར་མ་འོད་ཆེན་གྱི་རྩོམ་པ་པོ་སྐོར་ཞིག་དང་ནར་སོན་བཞིན་པའི་གསར་སྐྱེས་སྙུག་ཐོགས་པ་དག་གི་རྩོམ་ཡིག་དགོད་རྩིས་ཡོད་ལ།  དེ་མིན་མིང་གྲགས་ཅན་གྱི་གཞས་པ་གཞས་མ་སྐོར་ཞིག་གི་པར་རིས་དང་ངོ་སྤྲོད་སོགས་བརྒྱུད་འགོད་བྱེད་ངེས། 
         སྤྱིར་དྲ་བ་འདི་བརྩེ་དུང་ལ་བསྟོད་གླུ་འབུལ་ཐུབ་པའི་གསར་སྐྱེས་ཀྱི་ན་གཞོན་དག་ལ་དམིགས་ཏེ་བཟོས་པ་ཡིན་ཞིང།  འདི་ནས་བརྩེ་དུང་གི་གཏམ་རྒྱུད་དངོས་མ་མཐོང་ཐུབ་པའི་ཡིད་ཆེས་ཡོད་པར་མ་ཟད།  བརྩེ་དུང་ནི་འཇིག་རྟེན་འདིའི་རྙེད་པར་དཀའ་བའི་རིན་བྲལ་གྱི་ནོར་བུ་ཡིན་པའང་ཤེས་སྲིད།  གསལ་བོར་བཤད་དགོས་པ་ཞིག་ནི་ཁྱེད་ཅག་ལ་དངོས་བྲིས་དུང་བརྗོད་དང་མུ་འབྲེལ་དུང་བརྗོད་རིང་མོ་སོགས་ཡོད་ཚེ་རྩོམ་ཡིག་གཞན་ལས་ཀྱང་དགའ་བསུ་བྱེད་ངེས་རེད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།