བོན་བསྟན་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས་འགྲེམ་སྤེལ་གནང་བ།

རྩོམ་པ་པོ།:རིན་སྤུངས་ཚུལ་བསྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-16 09:34:00 ཀློག་གྲངས།:

བོན་བསྟན་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས་འགྲེམ་སྤེལ་གནང་བ།
བོན་བསྟན་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས། དེབ་དང་བོ།

         བོན་བསྟན་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པ་ཚེ་རིང་ཐར་གྱིས་གཙོ་སྒྲིག་གནང་ཞིང་།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།  འདི་ནི་ད་སྔའི་བར་རྒྱ་ཡིག་གི་ལམ་ནས་བོན་བསྟན་ལ་ཞིབ་འཇུག་བྱས་པའི་དཔྱད་འབྲས་རྣམས་ཕྱོགས་བསྡུས་མཛད་དེ་གྲུབ་པའི་དེབ་ཅིག་ཏུ་ངེས་ཏེ། བོན་གྱི་དཔྱད་པ་ཁག་གཞི་བསྡུས་ཏེ་གྲུབ་པའི་རྒྱལ་ནང་གི་དེབ་གཟུགས་ཐོག་མའང་ཡིན་ནོ། །
         དཔེ་དེབ་དེར་འཁོད་པའི་དཔྱད་རྩོམ་དག་ནི། ཞང་ཞུང་རིག་གནས་དང་། མིང་དང་བརྡ་རྟགས། བོན་གྱི་ལོ་རྒྱུས། བོན་ཁྲིམས། ཆོ་ག ལྷ་ཚོགས། མི་སྣ། ཡིག་རྙིང་། དགོན་སྡེ། བན་དང་བོན། བོན་བསྟན་དང་ལྡེབ་རིས། བོན་བསྟན་དང་གེ་སར། བོན་བསྟན་དང་དམངས་ཁྲོད་ཆོས་ལུགས། བོན་བསྟན་དང་ཆོས་ལུགས་གཞན་དག རིག་གཞུང་ཚོགས་འདུ་བཅས་ཕྱོགས་བཅོ་ལྔར་ཕྱེས་ཏེ། དེ་འབྲེལ་གྱི་དཔྱད་རྩོམ70ལྷག་བཀོད་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།