མཚོ་བྱང་ཁུལ་མདོ་ལ་རྫོང་ལ་ཀྲུང་གོའི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་བ།
ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་སྡུར་སྐབས་དང་པོ་མདོ་ལ་རྫོང་དུ་སྤེལ་བ།(རྒྱུ་ཆའི་པར་རིས།)
ཟླ10བའི་ཚེས18ཉིན། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ལ་ཀྲུང་གོའི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་ཞིང་། དེ་ནི་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་དུ་མགོ་ལོག་གེ་སར་རིག་གནས་ཀྱི་ཕ་ས་ཞེས་པའི་རྗེས་སུ་གནང་བའི་རིག་གནས་ཀྱི་ཕ་སའི་མཚན་སྙན་གཉིས་པ་རེད།
མདོ་ལ་རྫོང་གིས་ཀྲུང་གོའི་བོད་ཀྱི་མཛའ་གཞས་འགྲན་སྡུར་སྐབས་དང་པོ་སྤེལ་བར་བརྒྱུད་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་པའི་མཐུན་ཚོགས་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་གནང་ལ། བོད་ཀྱི་ལ་གཞས་ནི་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་བཅས་ཨ་མདོའི་ཕྱོགས་སུ་དར་ཁྱབ་ཆེ་ཞིང་། མདོ་ལ་རྫོང་དུ་ལ་གཞས་རྒྱུན་འཛིན་གྱི་ལོ་རྒྱུས་བྱུང་བ་རིང་མོ་ལྡན་པའི་ཁར། ལ་གཞས་རིག་གནས་ཀྱི་ཐོན་ཁུངས་གྱ་ནོམ་པ་ཞིག་ཡོད་པས། ཨ་མདོའི་ཕྱོགས་ཀྱི་ལ་གཞས་ཀྱི་ཕ་ས་དང་རྒྱུན་འཛིན་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར་འདུག མདོ་ལ་རྫོང་ལ་ཀྲུང་གོའི་བོད་ཀྱི་མཛའ་གཞས་ཀྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་བ་འདིས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་མུ་མཐུད་དུ་དར་སྤེལ་གཏོང་བར་སྐུལ་འདེད་ཆེན་པོ་བྱས་པ་དང་མཉམ་དུ། མཚོ་སྔོན་ཞིང་ཆེནགྱི་དམངས་ཁྲོད་རིག་རྩལ་བྱ་གཞག་གོང་དུ་སྤེལ་བ་མཚོན་ཐུབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com