མཚོ་ལྷོ་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་པ།
མཚོ་ལྷོའི་འཇང་དགུན་ཆོས་སྐབས་བཅུ་བའི་འགོ་རྩོམ་མཛད་སྒོ།
གྲྭ་བཙུན་རྣམས་ཀྱིས་རྟགས་གསལ་གཏོང་བཞིན་པ།
ཟླ10བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་བཅུ་བ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོའི་དགའ་ལྡན་དར་རྒྱས་གླིང་དུ་བསྡུས་ཤིང་། མཚོ་ལྷོའི་བུ་རྒུ་དགོན་དང་། མཚམས་ཐོག་ཞོལ་མ་དགོན། གསེར་ལག་དགོན། གཙང་དགོན་པ། མཐོ་ལས་དགོན་པ་སོགས་དགོན་སྡེ22ནས་ཡོང་བའི་བླ་སྤྲུལ་དང་གྲྭ་བཙུན300ལྷག་ཆོས་ཐོག་ཏུ་ཞུགས་པ་རེད།
ཐེངས་འདིའི་འཇང་དགུན་ཆོས་ཆེན་མོ་ནི་ཉིན་བརྒྱད་རིང་དུ་སྤེལ་རྒྱུ་ཡིན་ལ། ཆོས་ཐོག་ཏུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་ལགས་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་ཟླ་བ་ལགས། དགེ་རྒན་ཆེན་མོ་དགེ་འདུན། འབུམ་རམས་པ་རྡོ་རྗེ་སོགས་བོད་རིག་པའི་ཆེད་མཁས་པ་རྣམས་གདན་དྲངས་ཏེ་བོད་བརྒྱུད་ནང་བསྟན་དང་འགྲོ་བ་སེམས་ཅན་གྱི་ཞི་བདེ་དང་། ཚད་མ་རིག་པའི་ཞིབ་འཇུག་དང་མ་འོངས་འཕེལ་ཕྱོགས་སོགས་ཀྱི་བརྗོད་གཞི་དང་འབྲེལ་ནས་འཆད་ཁྲིད་གནང་བར་མ་ཟད། མཚོ་ལྷོའི་དགོན་སྡེ་སོ་སོ་ནས་གྲྭ་བཙུན་རྣམས་ཀྱིས་དགག་གཞག་སྤང་གསུམ་གྱི་རྟགས་གསལ་རྒྱ་ཆེན་པོ་བཏང་བ་རེད།
ཚོགས་རའི་ཡུལ་དངོས།
ཐེངས་འདིའི་བྱ་འགུལ་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་འཛིན་སྤེལ་དང་། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་བའི་དགེ་མཚན་འདོན་སྤེལ་བྱེད་པ་བཅས་སུ་ཕན་འབྲས་མངོན་སུམ་ཐོན་པའི་ཁར། གྲྭ་བཙུན་རྣམས་ཀྱིས་རིགས་གཞུང་བགྲོ་གླེང་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ་སོ་སོའི་མཁྱེན་རྒྱ་ཇེ་ཡངས་དང་རིག་པའི་གཞུང་ལུགས་ཉམས་སུ་བསྟར་བར་དགེ་མཚན་ཆེན་པོ་ལྡན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com