ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭས་སཾ་སྐྲྀ་ཏའི་སྐད་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-10-31 11:42:00 ཀློག་གྲངས།:
  ཟི་ལིང་གངས་རྒྱན་སློབ་གསོ་གསོ་སྦྱོང་སློབ་གྲྭ་ནི2011ལོའི་ཟླ4བའི་ཚེས26ཉིན་བཙུགས་པ་དང་། དེ་ནི་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་དང་། དམངས་སྲིད་ཅུའུ། བཅོས་བསྒྱུར་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས་ཀྱི་ཆོག་མཆན་འོག་བཙུགས་པའི་ཚད་ལྡན་གྱི་གསོ་སྦྱོང་སློབ་གྲྭ་ཞིག་ཡིན། གཙོ་བོ་བོད་ཡིག་དང་དབྱིན་ཡིག་སོགས་སྐད་རིགས་སློབ་ཁྲིད་ཀྱི་ལྟེ་གནས་ཤིག་ཡིན་ལ། གསོ་སྦྱོང་བྱས་པའི་མི་ཐེངས1200ལས་བརྒལ་བ་རེད། མིག་སྔའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མཉམ་འབྲེལ་བྱས་ནས་བསྒྲུབས་པའི་རིག་གནས་དཔེ་རིས་འབྲི་བ་དང་། ཡུལ་ཤུལ་ས་ཁུལ་གྱི་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་། རིག་གནས་བྱ་འགུལ་སོགས་མང་བོ་ཞིག་སྤེལ།
  སློབ་གྲྭ་དེ་གས་རབ་འབྱམས་པ་དང་འབུམ་རམས་པ་ལ་རྒྱུགས་སྤྲོད་མཁན་རྣམས་ཀྱི་མཁོ་འདོད་ལྟར་མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་མཁའ་འབུམ་ལགས་སོགས་གདན་འདྲེན་ཞུས་ནས་ཟླ11པའ་ནས་བཟུང་ཉིན་བཅུའི་རིང་དུ་གཟའ་མཇུག་ལ་སཾ་སྐྲྀ་ཏའི་སྐད་ཁྲིད་པའི་འཛིན་གྲྭ་བསྡུ་རྒྱུ་ཡིན་ཏེ། སློབ་ཡུན་ཆུ་ཚོད20ལ་སློབ་ཡོན་མི་རེར་སྒོར300ཡིན་པ་རེད།
  མིང་ཐོ་འགོད་པའི་དུས་ཚོད། 2012ལོའི་ཟླ10བའི་ཚེས31ཉིན་ནས་ཟླ11པའི་ཚེས10བར།
  འབྲེལ་གཏུག་ཁ་པར། 0971-8218185 18997126883
  སློབ་གྲྭའི་ས་གནས། ཟི་ལིང་གྲོང་ཁྱེར་ཁྲིནཀྲུང་ཁུལ་ནན་ཀོན་སྲང་ལམ་གྱི་ཨང་རྟགས74པའི་ཁའེ་ཏ་ཐོག་ཁང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།