འབུམ་རམས་པ་དགེ་ལེགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-11-06 10:59:00 ཀློག་གྲངས།:

འབུམ་རམས་པ་དགེ་ལེགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་དུ་འཆད་ཁྲིད་གནང་བ།
འཆད་ཁྲིད་བྱེད་བཞིན་པ།

         ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད2.00ཀྱི་སྟེང་། འབུམ་རམས་པ་དགེ་ལེགས་ཀྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་བའི་རིག་གཞུང་སྙན་ཞུ་ཚོམས་ཁང་དུ་བོད་རིག་པའི་གླིང་གི་བོད་ཀྱི་རིག་གནས་འཆམ་མཐུན་རྒྱང་བཞུད་མུ་འབྲེལ་རིག་གཞུང་འཆད་ཁྲིད་ཆེན་མོ་ལས་འཆད་ཚན་ཉེར་བདུན་པ་སྟེ《ཕྱི་རྒྱལ་བོད་རིག་པའི་རྟོག་དཔྱད་སྙན་ཞུ》ཞེས་པའི་འཆད་ཁྲིད་སྤེལ།
         འཆད་ཁྲིད་ཁྲོད་ཁོས་ཕྱི་རྒྱལ་བོད་རིག་པ་རྟོག་དཔྱད་ཀྱི་རྒྱབ་ལྗོངས་དང་དུས་ཚོད། རྒྱལ་ཁབ། དེ་མིན་རྟོག་དཔྱད་ནང་དོན་དང་། ཕྱི་རྒྱལ་བོད་རིག་པའི་ཞིབ་འཇུག་གི་དུས་རིམ་སོགས་བརྗོད་ཅིང་། ཁོའི་བསམ་པར་བོད་རིག་པ་ནི་བོད་མི་རིགས་ཞིབ་འཇུག་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན་ཞིག་ཡིན་པ་དང་།  དེར་བོད་མི་རིགས་ཀྱི་འདས་མ་ད་གསུམ་དང་། བོད་ཀྱི་ལོ་རྒྱུས་དང་སྐད་ཡིག  རིག་གནས། དཔལ་འབྱོར། སྒྱུ་རྩལ།  སེམས་ཁམས། ཆོས་ལུགས། ས་རྒྱུས། མཚན་ཉིད། སྤྱི་ཚོགས་སོགས་འདུས་ལ། དེ་དང་ཆབས་ཅིག་ཏུ་བོད་རིག་པའི་ཆེད་མཁས་པ་ཞིག་ཡིན་དགོས་ན་ངེས་པར་སྐད་རིགས་དང་སྣ་གཅིག་ཅན་བྱེད་པར་ཤིན་ཏུ་གལ་ཆེ་བར་བསྟན་པ་དང་། དེང་རབས་བོད་རིགས་སློབ་ཆེན་པ་རྣམས་ཀྱིས་སློབ་ཆེན་ལོ་ངོ་བཞིའི་དུས་ཡུན་ལེགས་པོར་དམ་འཛིན་བྱས་ཏེ་སྐད་རིགས་སྣ་མང་དང་སྒོས་སུ་དབྱིན་ཡིག་ལ་སྦྱང་བ་བྱས་ཏེ་ཕྱི་ཕྱོགས་སྔོན་ཐོན་གྱི་རིག་གནས་ནང་འདྲེན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།
         འབུམ་རམས་པ་དགེ་ལེགས་ནི་རྒྱལ་སྤྱིའི་མིང་དུ་གྲགས་པའི་བོད་རིག་པའི་ཆེད་མཁས་པ་ཞིག་ཡིན་ཞིང་། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་མིའི་རིགས་རིག་པའི་འབུམ་རམས་པ་ཐོག་མ་དང་བོད་ཀྱི་འབུམ་རམས་པ་ཐོག་མའང་ཡིན། ད་ལྟ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ་དང་སྤྱིའི་འགན་འཛིན་གཞོན་པའི་འགན་བཞེས་པ་དང་། ཞིབ་འཇུག་པ།(དགེ་རྒན་ཆེན་མོ)  དེར་མ་ཟད་ཁོང་ནི་ཨ་རིའི་ཁཱ་ལེ་ཧྥུ་ཉི་ཡ་སློབ་ཆེན་གྱི་གདན་ཞུ་དགེ་རྒན་ཆེན་མོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་གདན་ཞུ་ཁྲིད་སྟོན་དགེ་རྒན་བཅས་ཡིན།  2010ལོའི་ཟླ9བའི་ཚེས12ཉིན་ཀྲུང་གོའི་གྲངས་ཉུང་མི་རིགས་རིག་དངོས་སྲུང་སྐྱོབ་མཐུན་ཚོགས་སྐབས་བཞི་བའི་ཚོགས་གཙོ་གཞོན་པའི་འགན་བླངས། ཁོང་ལ་རིག་གཞུང་ཆེད་དཔེ་མང་པོ་ལས་གཞན་ད་དུང《ཟླ་བ་ནུབ་ཡིབ་ཀྱི་ས་ཆ།—བོད་ལྗོངས་མངའ་རིས་ཀྱི་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཟུར་བཀོད》སོགས་ལྷུག་རྩོམ་རིགས་ཀྱི་བརྩམས་ཆོས་གང་མང་སྤེལ་མྱོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།